| e-texts navigator |
| Wylie |
182a1 རྣམ་པར་འཕྲུལ་བའི་རྒྱལ་པོ་དེའི་ཕྱིར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་ལ།
182a2 སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་འདོད་པར་བྱེད་པ་དང་། རྣམ་པར་འཕྲུལ་བ་དེས་ཀྱང་བདུད་ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་ཀྱིས་རྒོལ་བ་ཐམས་ཅད་དང་། དམྱིགས་པར
182a3 ལྟ་བ་ལ་མངོན་པར་ཞེ་ནད་པ་ཐམས་ཅད་ཚར་བཅད་ནས།། ཐེག་པ་ཆེན་པོ་འདི་ལ་འགོད་པར་བྱེད་པ་དང་། སྨོན་ལམ་ཕུན་གསུམ་ཚོགས་པར་འགྱུར་བ། འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ
182a4 བརྟུལ་ཞུགས་གྲུབ་པར་འགྱུར་བ་ངས་བཤད་དོ།། བཅོམ་ལྡན་འད། ས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ།། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་།
182a5 བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ། པར་འཕྲུལ་པའི་རྒྱལ་པོ་བཞི་པོ་འདི་དག་ནི།། བྱང་ཆུབ་སེམས།། དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ།
182a6 ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་བ་དང་། མངོན་པར་ཤེས་པའི་རྣམ་པར་འཕྲུལ་བ་དང་། ཤེས་པའི་རྣམ་པར་འཕྲུལ་བ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་བ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ
182a7 དེ་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་བའོ།། རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ལ། ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་བ་གང་ཞེ་ན། རྣམ་པར་འཕྲུལ་བའི་རྒྱལ་པོ་འདི་ལ། བྱང་ཆུབ་སེམས་དཔལ
182a8 ཚུལ་ཁྲིམས་ཕུན་གསུམ་ཚོགས་པ་ཡིན་ཏེ། མ་རལ་བའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཚུལ་ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མྱེད་པའི་ཚུལ་ཁྲིམས་དང་། དམྱིགས་པ་མྱེད་པའི་ཚུལ་ཁྲིམས་དང་།
182a9 གནོད་པ་མྱེད་པའི་ཚུལ་ཁྲིམས་དང་། མ་སྨད་པའི་ཚུལ་ཁྲིམས་དང་། མྱི་གདུང་བའི་ཚུལ་ཁྲིམས་དང་། ལེགས་པར་ཡོངས་སུ་བསྲུང་པོའི་ཚུལ་ཁྲིམས་དང་། མཁས་པས་བསྔགས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས