e-texts navigator
Collection
Volume
Page
Wylie

181b1 གསོལ་ཏོ།། གལ་ཏེ་ཞུས་ན་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་བསྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བདག
181b2 ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་དྲ་བ
181b3 ཡར་བཏབ་པའི་ཕྱིར། དེ་བཞིན་གཤེགས་པས་ཁྱོད་ལ་སྐབས་ཕྱེས།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དྲི་བ་དེ་དང་དེའི་ལུ་པ་བསྟན་པས། ཁྱོད་ཀྱི་སེམས་རངས་པར
181b4 བྱའོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་བསྐབས་ཕྱེ་བ་དང་། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། དགའ་བ་དང་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན
181b5 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟ། རན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་མས
181b6 ཅན་གཞན་དག་དང་། གང་ཟག་གཞན་དག་འཚལ་བར་བགྱིད་པ་དང་རྣམ་པར་འཕྲུལ་པ་དེས་ཀྱང་། བདུད་ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་གྱིས་རྒོལ་བ་ཐམས་ཅད་དང་།
181b7 དམྱིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཚར་བཀུམ་ནས། ཐེག་པ་ཆེན་པོ་འདི་ལ་འགོད་པར་བགྱིད་པ་དང་། སྨོན་ལམ་ཕུན་གསུམ་ཚོགས་པར་འགྱུར་བ་དང་། འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི
181b8 བྱང་ཆུབ་ལ་རྟུལ་ཞུགས་ལ་གྲུབ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས།། དེ་སྐད་ཅེས་གསོལང་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེཾས་དང་ད་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
181b9 འཕྲུལ་པའི་རྒྱལ་བ་ལ་འང་སྐད་ཅེས་བཀའ་སྩལ་ད་ཏ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ལེགས་སོ་ལེགས་སོ།། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་དྲི་བར་སེམས་པ་ཡང་ལེགས་སོ།།




iiif viewer powered by OpenSeadragon

181a - 182a

Texts on this page

Ng6.6 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo