e-texts navigator
Collection
Volume
Page
Wylie

99b1 ཁོང་དུ་ཆུད་པ་ལས་བྱང་ཆུབ་བྱུང་ངོ་།། བཙུན་པ་བྱང་ཆུབ་མ་ལགས་པ་གང་ལགས་པ་དེ་ནི་མ་མཆིས་ཏེ། གལ་ཏེ་ཆོས་འགའ་ཞིག་དང་མྱི་ལྡན་ན་ནི་མ་ལགས་ཀྱི། ཆོས་ཐམས་ཅད་མཉམ་པ་ཉིད་དང་ལྡན་པ་དེ་ནི་བྱང་ཆུབ་ལགས་སོ།།
99b2 སྨྲས་པ་བུ་མོ་ཁྱོད་སྤོབས་པ་འདི་སུས་བྱིན་སྨྲས་པ་གནས་བརྟན་གྱིས་གསོལ་ཏོ།། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་གནས་བརྟན་ཀྱིས་མ་རྨས་ན། བདག་གི་སྤོབས་པ་འདི་སྐྱེ་བར་མྱི་འགྱུར་བའི་སླད་དུའོ།། བཙུན་པ་དཔེར་ན་གལ་ཏེ
99b3 མ་སྨྲས་ན་བྲག་ཅའི་སྒྲ་འབྱུང་བར་མྱི་འགྱུར་བ་དེ་བཞིན་དུ། བཙུན་པ་འོད་སྲུང་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་མ་དྲིས་ཀྱི་བར་དུ་སྤོབས་པ་སྐྱེ་བར་མྱི་འགྱུར་རོ།། སྨྲས་པ་བུ་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ལ་བསྙེན
99b4 བཀུར་བྱས། སྨྲས་པ་གནས་བརྟན་གྱིས་ཉོན་མོངས་པ་ཇི་སྙེད་སྨྲརཔསྙེད་ལའོ།། སྨྲས་པ་བུ་མོའོ་བའི་ཉོན་མོངས་པ་རྣམས་ནི་སྤངས་པ་མྱེད་དོ།། སྨྲས་པ་བཙུན་པ་ཉོན་མོངས་པ་དང་བཅས་པ་ལགས
99b5 སྨྲས་པ། མ་སོ་ནི་ཉོན་མོངས་པ་དང་བཅས་པ་ཡང་མ་ཡིན་ཏན་སོངས་པ་རྣམས་སངས་པ་ཡང་མ་ཡིན་ནོ།། རྣས་པ་སན་པདཀྱིས་ཉོན་མོངས་པ་རྣམས་གནན་། སྨྲས་པ་བསྐྱེད་པ
99b6 སྐྱེད། འགག་པར་བྱས་པ་ཡང་མྱེད། གཞག་པ་ཡང་སྐྱེད་དེ། བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས་སོ།། སྨྲས་པ། ཅི་དེ་བཞིན་ཉིད་ནི་ས་པར་བགྱི་བ་ཞིག་སགས་སམ། སྨྲས་པ་དེནི་མ་ཡིན་ནོ།། སྨྲས་པ
99b7 xxx
99b8 xxx
99b9 xxx




iiif viewer powered by OpenSeadragon

99a - 100a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo