e-texts navigator
Collection
Volume
Page
Wylie

99a1 ཨ། མྱེད་ཀྱང་མ་ཡིན་དོ།། དེ་བཞིན་དུ་བ་དང་། སྣ་དང་སྲེ་དང་། སུས་དང་། ཡིད་ནི་བུད་བྱེད་ཀྱང་མ་ཡིན། སྐྱེས་པ་ཡང་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། བཙུན་པ་འོད་སྲུང་ཆེན་པོ་དེ་ཅིའི་སླད་དུ་ཞེམ། མྱིག་ནི་སྟོང་པ།
99a2 སྟེ། སྟོང་པ་གང་ལགས་པ་དེ་ས་ནི། བུད་མྱེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་དུ་རྣ་བ་དང་སཱ་དང་ལྕེ་དང་ལུས་དང་ཡིད་ནི་སྟོང་པ་སྟེ། སྟོང་པ་གང་ལགས་པ་དེ་ལ་ནི།
99a3 བུད་མྱེད་ཀྱང་མ་མཆིས། སྐྱེས་པ་ཡང་མ་མཆིས་པའི་སླད་དུའོ།། བཙུན་པ་དེ་ལ་ནི་མྱིག་ཁོང་དུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ་ལགས་སོ།། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཁོང་དུ་ཆུད་པ་གང་ལགས་པ་དེ་ནི་བྱང་ཆུབ
99a4 ལགས་སོ།། བྱང་ཆུབ་གང་ལགས་པ་དེ་ལ་ནི་བུད་མྱེད་ཀྱི་ཆོས་རྣམས་སམ། སྐྱེས་པའི་ཆོས་རྣམས་མ་མཆིས་སོ།། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་གང་ལགས་པ་དེ་ནི། བདག་ཉིད་ངོ་བོ་ཉིད་ཀྱང་དེ
99a5 ལགས་སོ།། སྨྲས་པ་བུ་མོ་ཅི་ཁྱོད་བྱང་ཆུབ་ཡིན་ནམ། སྨྲས་པ། གནས་བརྟན་དང་བདག་ཅག་གཉི་ག་ཡང་བྱང་ཆུབ་ལགས་སོ།། སྨྲས། པ་བུ་མོ་ཁོ་བོ་ནི་བྱང་ཆུབ་མ་ཡིན་གྱི། ཁོ་བོ་ནི་ཉན་ཐོས་ཡིན་ནོ།། སྨྲས
99a6 པ་བཙུན་པ་འོད་སྲུང་ཆེན་པོ་ཁྱོད་སུས་བཏུལ།། སྨྲས་པ་བུ་མོ་ཁོ་བོ་ནི་དེ་བཞིན་གཤེགས་པས་བཏུལ་ཏོ།། སྨྲས་པ་གནས་བརྟན་གལ་ཏེ་དེ་བ་ཞིན་གཤེགས་པས་བཏུལ་ན། གལ་ཏེ་དེ་བཞིན་གཤེགས་པ་མངོན་པར་རྫོགས
99a7 པམསངས་མ་རྒྱས་སུ་ཟིན་ན། དེ་བཞིན་གཤེགས་པས་གནས་བརྟན་འདུལ་བར་སྤྱོད་དམ། བུ་མོ་དེ་ནི་མ་ཡིན་ནོ།། སྨྲས་པ་བཙུན་པ་འོད་སྲུངས་ཆེན་པོ་དེ་ལྟ་བས་ན་ཁྱོད་ཉིད་བྱང་ཆུབ་ལགས་ཏེ། བྱང་ཆུབ་མ་ལགས་པའི་ཆོས་ཅི་ཡང་མ
99a8 མཆིས་སོ།། སྨྲས་པ་བུ་མོ་ཅི་མཚམས་མྱེད་པ་རྣམས་ཀྱི་བྱང་ཆུབ་ཡིན་ནམ། སྨྲས་པ་བཙུན་པ་དེ་དེ་བཞིན་ཏེ། མཚམས་མྱེད་པ་རྣམས་ཀྱང་བྱང་ཆུབ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་མཚམས་མྱེད་པའི་རང་བཞིན
99a9 ཅན་ལགས་ཏེ། མཚམས་མྱེད་པའི་ཆོས་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་གང་ལགས་པ་དེ་ནི་བྱང་ཆུབ་ལགས་ལ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རང་བཞིན་གང་ལགས་པ་དེ་ནི། བྱང་ཆུབ་ལགས་པའི་སླད་དུའོ།། བཙུན་པ་དེ་ལྟར་ན་མཚམས་མྱེད་པ




iiif viewer powered by OpenSeadragon

98b - 99b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo