e-texts navigator
Collection
Volume
Page
Wylie

98b1 ཕྲེང་བ་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ། ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ཀྱི་ཚ་མོ་རིན་ཅེན་སྣ་ཚོགས་ཅན་ཞེས་བྱ་བ་དེས། ཀླུའི་བུ་མོ་ཁྲི་དང་ལྡན་གཅིག་ཏུ་ལག་པ་གཡས
98b2 མུ་ཏིག་ག་ཕྲེང་པ་བླངས་ནས། བཅོམ་ལྡན་འདས་ལ་མྱིག་མྱ་འཛུམས་པར་ལྟ་སྟེ། ཕྱག་འཚལ་ཞིང་འདུག་པར་གྱུར་ད་ཏོ།། དེ་ནས་བུ་མོ་རན་ཅེན་སྣ་ཚོགས་ཅན་དང་། ཀླུའི་བུ་མོ་ཁྲོ་བོ་དེ་དག་གིས་བཅོམ་ལྡན་འདས་ཀྱི
98b3 སྐུ་ལ་ཨུ་ཏིག་གི་ཕྲེང་བ་དེ་དག་གསོལ་ནས། ཚིག་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ལྷན་ཅིག་ཏུ་འཐུན་ཞིང་། ཡང་དག་པར་དགའ་བ་བཞིན་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
98b4 སེམས་བསྐྱེད་དོ།། བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞི་ན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ད་ཅིག། ད་ལྟར་གྱི་དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ། འདི
98b5 འདྲ་བར་ཆོས་ཀྱང་སྟོན་པར་གྱུར་ད་ཅིག། དགེ་འདུན་ཡང་སྲུང་བར་གྱུར།། དཅིག། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཀླུའི་བུ་མོ་དེ་ལ་འདི་། སྐད་ཅེས་སྨྲས་སོ།། བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
98b6 ནུབ་ནི་བུད་མྱེད་ཀྱི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་ཏེ། འགྲུབ་པར་དཀའོ།། དེ་ནས་བུ་མོ་རིནི་ཅེན་སྣ་ཚོགས་ཅན་གྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ
98b7 འོད་སྲུང་ཆེན་པོ་བུད་མྱེད་ཀྱི་ལུས་ཀྱིས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་མྱི་འགྱུར་ལ། སྐྲག་པའི་བསམ་པ་ལ་ཞུགས་པ་ལ་ཡང་བྱང་ཆུབ་འགྲུབ་པར་དཀའ་བ་མ་མཆིས་སོ།།
98b8 བྱང་ཆུབ་སེམས་དཔའི་བྱང་ཆུབ་ནི། སེམས་བསྐྱེད་པ་ལ་རག་ལས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ཏུ། སངས་རྒྱས་ཀྱི་ཆོས་ཐམས་ཅད་གཟུང་བར་འགྱུར་རོ།། བཙུན་པས་གང་འདི་སྐད་དུ་བུད་མྱེད་ཀྱི་ལུས་ཀྱིས་བྱང་ཆུབ
98b9 མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ་ཞེས་གསུངས་པ་དེ་ནི་སྐྱེས་པའི་ལུས་ཀྱིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་འདི་སྐད་དུ་མྱིག་ནི་སྐྱེས་པ་ཡང་མ་ཡིན། བུད




iiif viewer powered by OpenSeadragon

98a - 99a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo