e-texts navigator
Collection
Volume
Page
Wylie

98a1 xxx
98a2 ཀླུའི་བདག་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་གང་ཡིན་པ་དེ་ལ་ནི་ལུང་བསྟན་པར་བྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་ཅི་ཡང་མྱེད་དོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་ཆེན
98a3 པོ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པའི་སྟོབས་ལ་ལྟོས། གང་ཆོས་འདི་ལྟ་བུ་དག་ལྟ་མྱིང་དང་བརྡས་རྣམ་པར་ཕྱེ་ནས་སེམས་ཅན་དག་ལ་གོ་བར་བྱེད་ལ། སེམས་ཅན་ལ་མ་གཏོགས་པའི་ཆོས་རྣམས་ཀྱང
98a4 མ་མཐོང་། ཆོས་མ་གཏོགས་པའི་སེམས་ཅན་རྣམས་ཀྱང་མ་མཐོང་།། སེམས་ཅན་རྣམས་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱང་དེ་དང་འ་དྲའོ།། བྱང་ཆུབ་ཀྱང་དེ་དང་འདྲའོ།། སངས་རྒྱས་ཀྱང་དེ་དང
98a5 འདྲའོ།། ལུང་བསྟན་པ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱི་དབྱིངས་ཀྱང་དེ་དང་འདྲའ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེ།། ས་བྱའོ།། དེ་བཞིན་ཉིད་རྟོགས་པའི་དོན་དང་། དེ་བཞིན་ཉིད
98a6 ལ་གནས་པའི་དོན་ཀྱིས་ན་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་མ་བསྒྲི་པའི་དོན་དང་། དེ་བཞིན་ཉིད་དབྱེར་མྱེད་པའི་དོན་དང་དེ་བཞིན་ཉིད་ང་དུ་ཆུད་པའི་དོན་དེས་ན། དེ་བཞིན་གཤེགས་པ་ཞེས་བྱའོ།།
98a7 སྔར་དེ་བཞིན་གཤེགས་པ་དང་། དེ་བཞིན་ཉིད་མཆུ་ངམ་པར་རབ་ཏུ་ཕྱེ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་དང་མཚུངས་པར་རབ་ཏུ་བྱེ་བ་ཡིན་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་མཉམ་པ་ཉིད་ཀྱིས་ཡིན་ཏེ། བྱང
98a8 ཆུབ་སེམས་དཔའ་རྣམས་དེས་གནས་ཧཱ། རྩི་ནག་ཀྱི་དང་ང་ཀྱི་འགྲུངས་དེ་བ་གཤེགས་པའི་སུ་མཉམ་པ་ཉིད་འདྲི་དང་། སེམས་ཅན་རྣམམས་སོ་བར་བྱེད་དོ།། བསྟན་པ་འདི་བ་དང་པར། བྱང་ཆུབ་སེམ
98a9 སུམ་སྟོང་གཉིས་བརྒྱས་ཀྱི་སྐྱེ་བའིཆོས་རྣམས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཀླུའི་རྒྱལ་པོ་མ་དྲོས་པ་ལང་ཆིམ་འང་མ་སུལ་ཡིད་རངས་ཏེ། རབ་ཏུ་དགའ་འངས་གྲུ་བ་དང་ཡིད་བདེ་བ་སྐྱེས་ནས་འཇས་བུ་ང་རི་བའི་བུ་ཏིན་ན།




iiif viewer powered by OpenSeadragon

97b - 98b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo