e-texts navigator
Collection
Volume
Page
Wylie

97b1 མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མ་འོངས་པ་སྟེ། སྔོན་གྱི་མཐའ་ནས་མ་འོངས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མྱེད་པར་གྱུར་པ་སྟེ། ཕྱི་མའི་མཐར་མྱི་འབྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད་ན
97b2 མྱི་གནས་པ་སྟེ། གནས་མྱི་དམྱིགས་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མྱི་དམྱིགས་པ་སྟེ། བྱེད་པ་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྱེད་པ་མྱེད་པ་སྟེ། ལུས་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ལུས་མྱེད་པ་སྟེ།
97b3 གནས་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གནས་མྱེད་པ་སྟེ། རྟེན་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྟེན་མྱེད་པ་སྟེ། མྱི་གཡོ་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མྱི་གསོ་བ་སྟེ། མྱི་གནས་པའི་ཕྱིར་རོ།། ཆོས
97b4 ཐམས་ཅད་ནི་མྱི་གནས་པ་སྟེ། བེམས་པོ་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བེམས་པོ་ཡིན་ཏེ། ངོ་བོ་ཉིད་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མྱེད་པ་སྟེ། རྣམ་པར་རིག་པར
97b5 གྱི་བྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྣམ་པར་རིག་པརམྱི་བྱེད་པ་སྟེ། སྤྲོ་བཏགས་པ་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་སྒོ་བཏགས་པ་མྱེད་པ་སྟེ། ཡིད་ལ་བྱེད་མྱེད་པ
97b6 ཕྱིར་རོ།། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་མྱེད་པ་སྟེ། མྱིགས་སུ་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་དམྱིགས་སུ་མྱེད་སྟེ། འགྱུར་བ་མྱེད་པའི་ཕྱིརརོ།། ཆོས་ཐམས་ཅད་ནི་འགྱུར
97b7 བམྱེད་པ་སྟེ། རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པ་སྟེ། ནི་བའི་ཕྱིར་རོ།། ཆོས་ཐམས་ཅད་ནིནི་འང་རབ་ཏུ་ནི་ལ་ཉེ་བར་ཞི་བ་སྟེ། རྒྱུམས་ཟུང་བ་ས
97b8 སོན་པའི་ཕྱིར་རོ།། ཆོམ་ཐམས་པདནི་རྒྱསས་བྱུང་བ་མ་ཡིན་པ་སྟེ། རང་བཞིན་གྱིས་རྣས་པར་གྲོལ་བའི་གྱུར་རོ།། ཆོས་ཐམས་ཅད་ནི་རིང་བཞིན་ཀྱིས་རྣམ་པར་མྱོས་པ་སྟེ། རྣམ་པར་རློས་པའི་མཚན་ཉིད་མིན་པ
97b9 རོ།། ཆོམ་མམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་དེ། གཉིས་དང་བྲལ་པའི་ཕྱིར་རོ།། ཆོམ་ཐམས་པད་ནི་གཉིས་དང་རྣམ་པ་སྟེ། འཟོད་པ་གཅིག་པའི་ཚོ་རོ།། ཙམ་ཐམས་ཅད་ནི་མཐོང་པ་གཅིག་པ་པརྗོ།




iiif viewer powered by OpenSeadragon

97a - 98a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo