e-texts navigator
Collection
Volume
Page
Wylie

97a1 སྐྱེས་བུ་དང་། གང་ཟག་ཏུ་ལྟ་བའི་སེམས་ཅན་དེ་དག་ཡོངས་སུ་གྲོལ་བར་བྱེད་དོ།། ཀླུའི་བདག་པོ་ཁྱོད་འདི་སྐད་དུ་འདི་ལ་ལུང་བསྟན་པ་གང་ལགས་ཞེས་ཟེར་བ་གང་ཡིན་པ་དེ་ལ་མངོན་གསུམ་དུ་ཆོས་ཁོང་དུ་ཆུད་པ་ནི
97a2 ལུང་བསྟནད་པའོ།། སེམས་ཅན་མྱེད་པ་དང་། སྲོག་མྱེད་པ་དང་། གསོ་བ་མྱེད་པ་དང་། གང་ཟག་མྱེད་པ་ལ་ངེས་པར་སེམས་པའི་སེམས་དང་ལྡན་པ་ལུང་བསྟན་པའོ།། མ་བྱུང་བ་དང་། མ་སྐྱེས་པ་དང་། རྩ་བ་མྱེད་པ་དང
97a3 གནས་མྱེད་པ་ལ་གནས་པ་ན་ལུང་བསྟན་པའོ།། སེམས་ཅན་ཐམས་ཅད་མཚུངས་པར་བདག་མྱེད་པ་ལ་མོས་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་མཚུངས་པར་ཆོས་དབེན་པར་མངོན་པ་ནི་ལུང་བསྟན་པའོ།། ཞིང
97a4 ཐམས་ཅད་ཞིང་ཏུ་མཚུངས་པར་ནམ་མཁའ་བཞིན་དུ་དག་ཅིང་དྲི་མ་མྱེད་པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། ཆོས་ཐམས་ཅད་སངས་རྒྱ་ས་ཀྱི་ཆོས་དང་། ཆོས་ཀྱི་དབྱིངས་དང་། དབྱེར་མྱེད་པའི་ཡེ་ཤེས་མཐོང
97a5 བ་ནི་ལུང་བསྟན་པའོ།། བདུད་ཐམས་ཅད་དང་མཚུངས་པར་བདུད་ཀྱི་ཉོན་མོངས་པ་ཅན་དུ་མྱི་འགྱུར་ཏེ། རང་བཞིན་གྱིས་ཡོངས་སུ་དག། པའི་སེམས་དང་ལྡན་པ་ནི་ལུང་བསྟན་པའོ།། སྟོང་པ་ཉིད
97a6 དང་། མཚན་མ་མྱེད་པ་ལ་མྱི་རྟོག་རྣམ་པར་མྱི་རྟོག་ལ་མྱི་ལེན་མྱི་འདོར་བ་འདི་ནི་ལུང་བསྟན་པའོ།། ཀླུའི་བདག་པོ་དེ་ལྟར་ན་སེམས་དང་ཡིད་དང་རྣམ་པར་ཤེས་པ་མྱི་གནས་པ་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ
97a7 ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དམྱིགས་སུ་མྱེད་དོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཡིན་ཏེ། དེ་ལ་ནི་དོན་དམ་པར་ན་གང་གི་ལུང་བསྟན་པ་འམ། གང་གི་བྱང་ཆུབ་བམ། གང་ལུང་བསྟན
97a8 པར་བྱ་བ་འམ། གང་གིས་ལུང་བསྟནད་པ་འམ། ཅིས་ལུང་བསྟན་པ་ནི་ཡང་མྱི་དམྱིགས་སོ།། ཀླུའི་བདག་པོ་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པ་སྟེ། རྩ་བ་ནས་ཡོངས་སུ་ཆད་པའི་ཕྱིར་རོ།། ཆོས་ཐམས་ཅད
97a9 ནི་བདག་པོ་མྱེད་པ་སྟེ། རྒྱུ་དང་རྐྱེན་རྣམས་ལས་བྱུང་བའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གཟུང་དུ་མྱེད་པ་སྟེ། ངོ་བོ་ཉིད་མྱེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མྱེད་པ་སྟེ། བྲལ་བ་མྱེད་པའི




iiif viewer powered by OpenSeadragon

96b - 97b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo