e-texts navigator
Collection
Volume
Page
Wylie

96b1 དབང་པོའི་རྒྱལ་མཚན་ཞེས་ཀྱང་བགྱི།། འཇིག་རྟེན་ཁམས་ཀྱང་དགའ་བ་སྐྱེད་པའི་བཀོད་པ་ཞེས་བགྱི་སྟེ། དགའ་ལྡན་གནས་ནས་འདྲ་བར་འབྱོར་ད་ཅིང་རྒྱས་ལ་ལོ་ཡང་ལེགས། སྟོབས་བཅུ་ལྡན་གྱི་ཚེ་ནི་ལོ་གྲངས་བྱེ་བ་བདུན་ནུ་སྟེ།
96b2 དགེ་སློང་འཕགས་པའི་དགེ་འདུན་ཁྲག་ཁྲིག་དྲུག་བཅུ་ཐམ་པར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་ཁྲག་ཁྲིག་ཕྲག་བརྒྱད་བཅུ་སྟེ། ཐོས་པ་དང་ནི་འདུལ་བ་འཛིན་པ་གཟུངས་ལ་ཤི་ནད་ཏུ་གནས། བསྐལ་པ་དགེ་བ་བཀོད་པ་ཞེས
96b3 བགྱི་མཛེས་པ་དེ་དག་ཏུ། སེམས་ཅན་བརྒྱ་སྟོང་དག་ནི་བྱང་ཆུབ་བཀོད་པ་བགྱིས་ནས་ཀྱང་།། འདི་དག་ཐམས་ཅད་རིམ་གྱིས་བྱང་ཆུབ་མཆོག་ཏུ་འཚང་ཡང་རྒྱ།། བྱང་ཆུབ་སེམས་མཆོག་གནི་ཡོན་ཏན་ཁྱད་པར་དག་ལ་ལྟོས།། དེར་ནི
96b4 སྒྲ་གཅན་བཟང་པོའི་ལུང་བསྟན་ཐོས་པར་གྱུར་ད་ནས་ཀྱང་། སྲོག་ཆགས་འབུམ་ཕྲག་བ་ནི་དག་བྱང་ཆུབ་མཆོག་ལ་ཞུགས་པར་གྱུར་།། སེ་གས་པའི་ཡོན་ཏན་འཆང་བ་རྣམས་ཀྱི་བསམ་པའི་ཁྱད་པར་གྱིས
96b5 སྟོང་གསུམ་རབ་གཡོས་ལྷས་ཀྱང་མེ་ཏོག་ཆར་པ་རབ་ཏུ་ཕབ། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་འདི་སྐད་ཅེས་གསོ། ལང་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བདག་མ་མཆིས་པ
96b6 བྱེད་པ་པོ་མ་མཆིས་པ་ལགས་ན། ལུང་བསྟན་པ་ནི་གང་ལགས། དེ་བཞིན་གཤེགས་པ་ནི་གང་ལགས། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
96b7 ཀླུའི་བདག་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་བདག་མྱེད་པ་བྱེད་པ་པོ་མྱེད་པ་ཡིན་ཏེ། དེ་ནི་ཆོས་རྣམས་ཉིད་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ། ངར་འཛིན་པ་དང་། ངའི་འཛིན་པ་གནས
96b8 པ་རྣམས། སེམས་ཅན་མྱེད་པ་རྣམས་ལ་སེམས་ཅན་དུ་འདུ་ཤེས་སྐྱེད་པར་བྱེད་དེ། དེ་ལྟ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་ནས། ཕྱིན་ཅི་ལོག་གི་འདུ་ཤེས་སྤོང་དུ་བཞུགས་པ་དང་། ངར་འཛིནད་པ་དང་།
96b9 ངའིར་འཛིན་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་ཏུ་གོ་ཆ་གྱོན་པར་ཟད་ཀྱི་སྐྱེས་བུ་དམ་པ་དེ་དག་གིས་སེམས་ཅན་མྱེད་པ་དང་། གང་ཟག་མྱོང་བ་མྱི་ཤེས་པ་ནི་མ་ཡིན་ཏེ། བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང




iiif viewer powered by OpenSeadragon

96a - 97a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo