e-texts navigator
Collection
Volume
Page
Wylie

96a1 6། ཕྱོགས་བཅུ་དག་ན་སེམས་ཅན་གང་དག་བསྐལ་པ་འབུམ་དུ་ཡང་། མཆོད་ལ་བརྩོན་པའི་སེམས་ཅན་དག་ནི་ཕན་པ་བྱེད་པ་དང་། བྱམས་དང་བསོད་ནམས་འཕགས་པའི་རང་བཞིན་ལས་བྱུང་མཆོད་པ་རྣམས།། ཅི་འདྲ་བ།
96a2 དང་མཚུངས་ཤིང་མཉམ་པ་མ་ལགས་ཁྱོད་ལ་འོས།། མཚུངས་མྱེད་སེམས་ཀྱིས་ཡང་དག་གནས་ནས་བསྐྱེདལགས་པ་དེ་ནི་སྟོབས་བཅུ་ལྡན་པ་རྣམས་ལ་བརྗེད་དང་མཆོད་པ་ལགས།། བདག་ནི་བྱང་ཆུབ་རེག་འགྱུར་སྙམ།
96a3 ཏེ་དེ་ལ་བསྒྲིམ་གནས་ནས། བདག་ནི་གཡོ་མྱེད་བྱང་ཆུབ་མཚུངས་མ་མཆིས་ལ་ཞུགས་པ་ལགས། མྱི་དབང་ལས་གཞན་སྲིད་གསུམ་དུ་ཡང་བདག་གི་དབང་མ་མཆིས། བདག་གི་བསམ་པ་ཇི་འདྲའི་དབང་ནི་སྟོབས་བཅུ་ལྡན་པ་ལགས
96a4 བདག་ནི་ཀུན་ལ་ཤིནད་ཏུ་སྡུག་ཅིང་ང་རྒྱལ་བསལ་བ་དང་། སྦྱིན་དང་དུལ་དང་ལྡན་ཞིང་ཚུལ་ཁྲིམས་ལྡན་ལ་བཟོད་ལྡན་དང་། བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་རྣམ་དག་གནས་པ་དང་། བྱམས་དང་སྙིང་རྗེར་ལྡན
96a5 ཞིང་བདེན་པའི་ཆོས་སྤྱོད་གྱུར་ད་ཅིག། ཕན་བཞེད་རྒྱལ་བ་གལ་ཏེ་བད་ག་ལ་ལུང་བསྟོན་མྱི་མཛད་ཀྱང་། མྱིའི་དབང་པོ་བདག་ནི་རོང་གིས་རང་། ལ་ལུང་ཡང་བསྟན། བདག་ནི་རང་བྱུང་མྱི་འགྱུར་སྙམ་དུ་ཡིད་གཉིས
96a6 དོགས་མ་མཆིས། དེ་ལྟར་བདག་ནི་བསམ་པ་ཐག་པས་བྱང་ཆུབ་ཉིད་སེམས་ངེས། མྱི་དབང་འཛུམ་པ་མཛད་ནས་ཟླ་བའི་ཏོག་གིས་ཞུས་པ་ནི་རང་བྱུང་འཛུམ་པ་མཛད་པ་འདི་ནི་ཚེ་ལེགས་ལུང་བསྟན་གསོལ་ད།། གང་གི།
96a7 ཕྱིར་ནངས་མི་དག་པའི་འོད་རྣམས་བསྟན་མཛད་པ། ཟླ་བའི་ཏོག་ཁྱོད་མཉན་པར་གྱིས་ཤེས་སྟོན་པས་དེ་ལ་གསུངས།། སཱ་མྱིན་སྒྲ་གཅན་བདག་ཉིད་ཆེན་པོ་བྱང་ཆུབ་མཆོག་ས་ཞུགས།། གཡོག་འཁོར་སུམ་ཁྲི་ཉིས་སྟོང་གང་ལགས་རྣམས་ཀྱང
96a8 དེ་བཞིན་ཏེ། བརྒལ་པ་སྟོང་ཟག་བརྒྱར་མི་བྱེད་ཆུབ་སྤྱོད་པ་སྤྱད་ནས་ཀྱང་། ཐམས་པ་རྗེས་སུ་མཐུན་པར་བྱང་ཆུབ་གཙོ་བོ་ཐོབ་པར་འགྱུར། རྒྱལ་བ་གང་འགའ་བྱེས་སྐྱེད་རྣམས་ལ་ནི་མཆོད་བགྱིས་ཏེ། དེ་ནས་སེམས་ཅད་ཤིནི་བུམ
96a9 པོ་བྱང་ཆུབ་བཀོད་ནས་ཀྱང་། དེའི་འོག་ཏུ་བསྐལ་པ་དགེ་བ་བཀོད་པ་མཛེས་པ་ལ། བྱང་ཆུབ་རྡུལ་བྲལ་ཞི་བ་མྱ་ངན་མྱེད་པར་འཚང་ཡང་རྒྱ། སྒྲ་གཅན་བདག་ཉིད་ཆེན་པོ་འདི་ནི་ཆོས་རྒྱ་རྒྱལ་པོར་འགྱུར། བརྩོན་འགྲུས་སྟོབས་དང་ལྡན་ཏེ།།




iiif viewer powered by OpenSeadragon

95b - 96b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo