| e-texts navigator |
| Wylie |
95b1 དཔའ་ལུམ་ལེབ་ཉིད་འཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔས་གཟུགས་ཆེ་བ་ཉིད་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ས་སྟེ། རྒྱན་རྣམ་པ་སྣ་ཚོགས་སྦྱིན་པ་དང་། ཕངས་པའི་དངོས
95b2 པོ་ཐམས་ཅད་ཡོངས་སུ་གཏོང་བ་དང་། དེ་བཞིན་གཤེགས་པ་ལ་བྱམས་པའི་མྱིག་གིས་ལྟ་བ་དང་། གཞན་བྱད་བཞིན་བཟང་པོ་དག་ལ་ཕྲག་དོག་དང་སེར་སྣ་མྱི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས
95b3 དཔའ་གཟུགས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའས་འཁོར་ཆེ་བ་ཉིད་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྲ་མའི་ཚིག་སྤོང་ཞིང་། གཞན་གྱི་འཁོར་མྱི་འབྱེད་པ་དང་།
95b4 གཞན་གྱི་འཁོར་ལ་དགའ་བ་དང་། བྱང་ཆུབ་ཀྱི་སེམས་ཤིནང་ཏུ་བརྟན་པ་དང་། ཀཞན་དག་བྱང་ཆུབ་ས་འཛུད་པ་རྩེ། ལཱ་མ་ཡིན་གྱི་དབང་པོ་དབཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའས་འཁོར་ཆེ་བ་ཧཱུ~ཾ།
95b5 འཐོབ་པར་འགྱུར་རོ།། ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དང་། ས་སེམས་ཆེ་བ་ཉིད་འཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན་འདི་ལྟ་སྟེ། བསམ་པ་དག་སྟེ་གཡོ་མྱེད་པ་དང་། སྒྱུ་ཅན་མ་ཡིན་པ་དང་། འདུན
95b6 པ་དྲག་པོ་དང་ལྡན་པ་དང་། བར་མ་དོར་སྐྱེ་བ་མྱེད་པ་དང་། རྒྱ་ཆེན་པོ་ལ་མོས་ཤིང་ཐེག་པ་དམན་པ་མྱི་འདོད་པ་དང་། ཆོས་ཐམས་ཅད་རང་བ་ཞིན་གྱིས་སྟོང་པ་ཉིད་ལ་འཇུག་པས། ཆོས་ཟམ་མོའི་ཚུལ་འཇུག
95b7 པ་སྟེ། སྒྲ་གཅན་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའས་སེམས་ཆེ་བ་ཉིད་ཐོབ་པར་འགྱུར་རོ།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཁོར་སུམ་ཁྲ་ཉེས་སྟོང་དང་བཅས་པ་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ།
95b8 རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་རིན་པོ་ཆེའི་མེ་ཏོག་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། ཁལ་བཅུ་ཚད་བརྒྱས། བཅོམ་ལྡན་འདས་གཏོར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས
95b9 བསྐྱེད་ནས། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ།། ཕྱོགས་བཅུ་དག་ན་སེམས་ཅན་ཁམས་རྣམས་མཐའ་ཡས་གང་སུ་དག། སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རྒྱལ་ལ་མཆོད་བྱེད་དང་།