e-texts navigator
Collection
Volume
Page
Wylie

95a1 ཀྱིས་མངོན་པར་འཕགས་པར་འགྱུར་བ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མ་ཡིན་གྱི་དབང་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར
95a2 འཕགས་པར་འགྱུར་ཏེ། བརྐྱང་གང་ཞེན་འདི་ལྟ་སྟེ། སྒྲ་གཅན་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ང་རྒྱལ་མྱེད་པ་ཡིན་ཏེ། སེམས་ཅན་ཐམས་ཅན་འདུད་ཅིང་མངོན་པར་འདུད་པ་དང་། བཀའ་བློ་བདེ་བ་ཡིན་ཏེ། མཐུན
95a3 བར་འཛིནད་པ་དང་། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། བླ་མ་རྣམས་ལ་གུས་པ་སྐྱེས་པ་དང་། དགེ་བ་སྤྱོད་པ་ཐམས་ཅད་ལ་སྔོན་དུ་འགྲོ་བ་དང་། དགེ་བའི་ཆོས་རྣམས་ལ་དམ་བཅས་པ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོས་པ་ཡིན་ཏེ།
95a4 སྦྱིན་པ་རྣམ་པ་སྣ་ཚོགས་སྦྱིན་པ་དང་། སྲོག་གི་ཕྱིར་ཡང་གཞན་ཡང་འ་ཞུག་པར་མྱི་བྱེད་པ་དང་། ཀོང་དུ་ཡང་སེམས་ཅན་འཇིགས་པ་རྣམས་ལ་མྱི་འཇིགས་པ་སྦྱིན་ཞིང་། སྐྱབས་སུ་འོངས་པའི་སེམས་ཅན་རྣམས་ཡོས
95a5 སུ་མྱ་གཏོང་བ་དང་། བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཡོངས་སུ་ཚོལ་བ་ན། ཆོ་ག་མྱི་ཤེས་པ་སྟེ། ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད་ཀྱིས་མངོན་པར་འཕགས
95a6 པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ལཱ་མ་ཡིན་གྱི་དབང་པོ་སྨྲེ་གཅན་གྱིས་ཡང་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན། བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་དང་།
95a7 གཟུགས་ཆེ་བ་ཉིད་དང་། འཁོད་པ་ཉིད་དང་། སེམས་ཆེ་བ་ཉིད་ཐོབ་པར་འགྱུར་བ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་ཆོས་པའི་དང་ལྡན་ན། བྱང་ཆུབ་སེམས་དཔས་ལུས་ཆེ་བ་ཉིད་ཐོབ་པར
95a8 འགྱུར་ཏེ། བཞི་ཀེང་ཞེན་འདིས་སྟེ། གཞན་དག་གི་སྤྱོད་ལམ་ས་མྱི་འཕྱ་བ་དང་། དེ་བའི་གཤེགས་པའི་ཐུརྣས་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱེད་དུ་འཇུག་པ་དང་། སེམས་ཅན་བྱེ་བ་དང་། འཐའ་བ་རྣམས
95a9 བསྐུམ་གང་། འཐུན་པར་བཀོད་ནས་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཛུད་པ་དང་། སེམས་ཅན་ཐམས་ཅན་ལ་དབ་པོའི་འབྲས་པ་མྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡནན། བྱང་ཆུབ་སེམས




iiif viewer powered by OpenSeadragon

94b - 95b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo