e-texts navigator
Collection
Volume
Page
Wylie

94b1 མྱི་གསར་མྱི་རྙིང་པའི་ཆོས་ལ་སོ་སོར་རྟོག་པ་དང་། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མྱེད་པའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། གསུམ་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་བཞིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ།
94b2 བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་ངེས་པར་སེམས་པ་དང་། མཚན་མ་མྱེད་པ་ལ་གནས་པ་དང་། སྨོན་པ་དང་། བྲལ་བ་དང་། མངོན་པར་འདུ་བྱེད་པ་མྱེད་པ་ཤེས་པ་སྟེ། བཞི་པོ་དེ་དག་གོ།། ཀླུའི་བདག་པོ་ཆོས་ལྡ
94b3 ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་མྱེད་པ་ཉིད་དང་། སེམས་ཅན་མྱེད་པ་ཉིད་དང་། སྲོག་མྱེད་པ་ཉིད་དང་། གང་ཟག་མྱེད་པ་ཉིད་དང་། གསོ་བ་མྱེད་པ་ཉིད་དང་། ལྔ་པོ་དེ་དག་གོ།། ཀླུའི
94b4 བདག་པོ་ཆོས་དྲུག་པས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། དྲུག་ག་ང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། ཡིད་ཆེས་པ་དང་། གཅིག་ཏུ་ངེས་པ་དང་། ཐེ་ཙོམ་མྱེད་པ་དང་། ཡང་དག་པ་ལ་སོ་སོར་རྟོག་པ་དང་།
94b5 ལྷག་པའི་བསམ་པས་ལས་བྱ་བ་ལ་འཇུག་པ་སྟེ། ཆོས་དྲུག་པོ་དེ་ད། གིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་ད་པ་དང་། བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད
94b6 ཅེས་གསོལང་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་མཆི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀླུའི་བདག་པོ་ཆོས་བཅུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཁྱད་པ
94b7 དུ་འགྲོ་བར་འགྱུར་ཏེ། བཅུ་གང་ཞེན་འདི་ལྟ་སྟེ། དེལ་མ་ཆགས་པ་དང་། སྐྲག་པའི་བསམ་པ་ཡོངས་སུ་དག་པ་དང་། ཐབས་ལ་མཁས་པས་བརྩོན་འགྲུས་བཏན་པ་དང་། སེམས་ཅན་ལ་ས་ཞིང་སྙིང་རྗེ་རེ་བ་དང་། བསོད་ནམས་ལ
94b8 ཅོག་ཀྱི་ཤེས་པ་དང་། ཐོས་པ་བཅས་པ་ལ་ཆོག་ཕྱི་ཞེས་པ་དང་། བག་ཡོད་པ་དང་བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུསུམ་དུ་འཐོབ་པ་དང་། བྱང་ཆུབ་སེམས་དཔལ་གཏོང་བ་དེ། ཆོས་བཅུ་པོ་རེང།
94b9 དང་ལྡན་ན། བྱང་ཆུབ་སེམས་དཔའི་ཁྱད་པར་དུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ལྷ་མ་ཡིན་གྱི་དབང་པོ་སྨྲ་གཅན་གྱིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོན་ཏན་ཐམས་ཅད




iiif viewer powered by OpenSeadragon

94a - 95a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo