| e-texts navigator |
| Wylie |
94a1 རྫོགས་པ་དང་། ཀྱི་འཛིགས་པ་བ་ཡོངས་སུ་རྫོགས་པ་དང་། སངས་རྒྱས་ཀྱི་ས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། ཀླུའི་བདུག་པོ་དེ་སྐ་བས་ན། དགེ་བ་བཅུའི་ལས་ཀྱིསམ་འདི་དག་རྒྱམ་པམ་ནམ།
94a2 པར་རྩེ་བ་དང་། བཙུན་པར་བརྩོན་པར་བྱའོ།། ཀྭའི་བདག་པོ་དཔེར་ན་མོང་དང་། བློང་བྱེར་དང་། གྲོང་དུས་དང་། སྡོངས་དང་། ས་འཚར་དང་། རྒྱས་ཟེའི་པོ་བླང་ཐམས་ཅད་དང་། མ་དང་ནི་ཤེས་པ་དང་། ལྡན་དཔའི་མམ
94a3 ཅད་དང་། ལས་ཀྱི་མཐའ་ཐམས་ཅད་དང་། ས་བོན་གྱི་ཚོགས་ཐམས་ཅད་དང་། ལོ་ཐོག་ཐམས་ཅད་སྐྱེ་ནིང་མོ་བ་དང་། ཤལ་བས་བབས་པ་དང་། ང་འབྱུང་བ་རྣམས་ནི་ས་ལ་གནས་ཏེ། དེ་དག་གི་གནས་ནི་མ་ཡིན་ནོ།། ཀླུའི་བདག
94a4 པོ་དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་སྐྲ་དང་མྱིར་སྐྱེ་བ་དང་སློབ་པ་དང་། མྱི་སློབ་པའི་དགེ་སྦྱོང་གི་འབྲས་བུ་འཐོབ་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང
94a5 སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ།། དགེ་བ་བཅུའི་ལ་ས་ཀྱི་ལམ་ལ་གནས་ཞེས་བྱ་བའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད
94a6 ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་སྒོར་འཇུག་པ་གང་དང་ལཱ་ན་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་ལས་ཀྱི་སྒྲིབ་པའི་ནོངས་པ་རྣམས་སོ།། ང་ཞིང་། ལས་ཀྱི་སྒྲིབ་པ་ཐམས་ཅད་སྤངས་ནས་ཀྱང་། ཁྱད་པར་གྱི
94a7 གནས་སུ་མཆི་བར་འགྱུར་བའི་ཆོས་ཀྱི་སྒོར་འདུག་པ་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། ཀླུའི་བདག་པོ་ཆོས་གཅིག་གིས་ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་ཏེ། ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ
94a8 སྡོམ་པ་ལ་གནས་པ་ཉེས་པ་འབྱུང་བ་ཆགས་པ་སྟེ། གཅིག་ནི་དེ་ཡིན་ནོ།། ཀླུའི་བདག་པོ་ཆོས་གཉིས་ཀྱིས་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་འགྱུར་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དང་།
94a9 སུ་མབྱུང་བ་མངོན་པར་འདུ་མྱི་བྱེད་པ་སྟེ། དེ་གཉིས་སོ།། ཀླུའི་བདག་པོ་ཆོས་གསུམ་གྱིས་ལས་ཀྱི་སྒྲིབ་པ་རྒྱུད་ཆད་པར་འགྱུར་ཏེ། གསུམ་གང་ཞེན། འདིས་སེ། རྐྱེན་གྱིས་ཆོམ་ལ་འདུག་པའི་ཞེས་རབ་ལ་སོ་སོར་རྟོག་པ་དང་།