e-texts navigator
Collection
Volume
Page
Wylie

93b1 གྱི་ཀདངས་ཡོངས་སུ་རྫོགས་པར་འགྱུར་རོ།། བརྩོན་འགྲུས་ཀྱིས་བརྒྱན་ན། བདུད་ཕྱིར་རྒོལ་བ་འཇོམས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་པར་འགྱུར་རོ།། བསམ་གཏན་གྱིས་བརྒྱན་ན། དྲན་པ
93b2 དང་བློ་གྲོས་དང་། རྟོགས་པ་དང་། ངོ་\ུ0f7f་ཤེས་པ་དང་། བརྟན་པ་ཡོངས་སུ་དག་པར་འགྱུར་རོ།། ཤེས་རབ་ཀྱིས་བརྒྱན་ན། སྨྲ་བ་ཐམས་ཅད་ཡང་དག་པར་འཇོམས་པར་འགྱུར་རོ།། བྱམས་པས་བརྒྱན་ན། སེམས་ཅན
93b3 ཐམས་ཅད་དང་ཞེ་འགྲས་པ་མྱེད་པར་འགྱུར་རོ།། སྙིང་རྗེས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་མྱི་གཏོང་བར་འགྱུར་རོ།། དགའ་བས་བརྒྱན་ན། སེམས་ཅན་ཞུམ་པ་མྱེད་པར་འགྱུར་རོ།། བཏང་སྙོམས་ཀྱིས་བརྒྱན
93b4 ན། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་འགྱུར་རོ།། བསྡུ་བའི་དངོས་པོས་བརྒྱན་ན། སེམས་ཅན་ཐམས་ཅད་ཡོངས་སུ་སྦྱིན་པ་བྱེད་པར་འགྱུར་རོ།། དྲན་པ་ཉེ་བར་གཞག་པས་བརྒྱན་ན། ལུས་དང་ཆོས
93b5 བ་དང་། སེམས་དང་ཆོས་ལ་མཁས་པར་འགྱུར་རོ།། ཡང་དག་པར་སྤོང་བས་བརྒྱན་ན། མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། རྫུ་འཕྲུལ་ཀྱི་རྐང
93b6 པས་བརྒྱན་ན། ལུས་དང་སེམས་ཡང་བར་འགྱུར་རོ།། དབང་པོ་ལྔས་བརྒྱན་ན། དད་པ་བརྟན་པ་དང་། བརྩོན་འགྲུས་བརྟན་པ་དང་། རྨོངས་པ་མྱེ་ད་པ་དང་། སེམས་ལས་སུ་རུང་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང
93b7 པར་འགྱུར་རོ།། སྟོབས་ཀྱིས་བརྒྱན་ན། རྫི་བ་མྱེད་པ་དང་། དགྲ་དང་འཁུ་བ་ཐམས་ཅད་ངེས་པར་འཇོམས་པར་འགྱུར་རོ།། བྱང་ཆུབ་ཀྱི་ཡན་ལག་གིས་བརྒྱན་ན། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་རོ།།
93b8 ལམ་ཀྱིས་བརྒྱན་ན། ཡང་དག་པའི་ཡེ་ཤེས་འདྲེན་པར་འགྱུར་རོ།། ཞི་གནས་ཀྱིས་བརྒྱན་ན། ཉོན་མོངས་པ་ཐམས་ཅད་ཅིར་གཅོད་པར་འགྱུར་རོ།། ལྤག་མཐོང་གིས་བརྒྱམ་ན།། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོང
93b9 སུ་ཤེས་པར་འགྱུར་རོ།། ཐབས་ཀྱིས་བརྒྱན་ན། འདུས་བྱས་དང་འདུས་མ་བྱས་ཀྱི་བདེ་བ་ཡོངས་སུ་རྫོགས་པར་འགྱུར་རོ།། ཀླུའི་བདག་པོ་མདོར་ན། དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཁོ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ།




iiif viewer powered by OpenSeadragon

93a - 94a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo