e-texts navigator
Collection
Volume
Page
Wylie

93a1 སོངས་སྤྱོད་ཆེ་བར་འགྱུ་བ་ནི་གཅོག་ལའོར་གྱི་བྱེད་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བསམ་པ་མཐུན་པས། བྱང་ཆུབ་སེམས་དཔའི་གཡོག་འཁོར་འཐོབ་བོ།། ངས་རྩུབ་པོ
93a2 སངས་པའི་བྱང་ཆུབ་སེམས་དཔས་སྦྱིན་བ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ཅིག་བཙུན་པར་འགྱུར་ལ། ནིག་སུན་དབྱུང་དུ་མྱེད་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤང་པ་སྤྱོད་པ་ན་ཡང་འཁོར་མ་མགུ་བར་སུ་ཡང་གྱི
93a3 འགྲོའོ།། ཚིག་ཀྱལ་བ་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེན་པོར་འགྱུར་ཞིང་། ཚིག་མཉན་པར་ཡང་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཐེ་ཙོམ་ཐམས་ཅད་གཅོད་པ་ལ
93a4 མཁས་པར་འགྱུར་རོ།། རྣབ་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་རྒྱ་ཆེན་པོ་དག་ལ་དེའི་སེམས་འཇུག་པར་འགྱུར་རོ།། བྱང་ཆུབ
93a5 སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་རྒྱ་ཆེན་པོ་ལ་མོས་ཤིང་། རབ། ང་ཆེ་བར་གྲགས་པར་འགྱུར་རོ།། གནོད་སེམས་སྤངས་པའི་བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་མཛེས
93a6 པ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་ཡང་འགྱུར་རོ།། བྱ་ང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བློ་ཐོགས་པ་མྱེད་ལ། དང་ང་པོ་མ་ཚང་བ་མྱེད་པར་འགྱུར་རོ།། ལོག་པར་ལྟ་བ་སྤངས་པའི་བྱང
93a7 ཆུབ་སེམས་དཔས་སྦྱིན་པ་བྱིན་ན། ལོངས་སྤྱོད་ཆེ་བར་འགྱུར་ཞིང་སངས་རྒྱས་ལ་དང་པ་དང་ཡང་དག་པར་ལྟ་བའི་ཁྱིམ་དུ་སྐྱེའོ།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་སངས་རྒྱས་ལ་ལྟ་བ་དང་། ཆོས་ཉན་པ་དང་དགེ་འདུན
93a8 ལ་བསྙེན་བཀུར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འབྲལ་བར་མྱི་འགྱུར་རོ།། ཀླུའི་བདག་པོ་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་སྦྱིན་པས་བརྒྱ་ན་དེ་ལྟར་མཐུ་མེ་ཞིང་ཕན་ཡོན་ཆེ་ལ། བྱིན་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ།།
93a9 དགེ་བ་འཅུའི་མས་ཀྱིམ་མ་འདི་ངས་ཉིད། རྒྱས་ནིམམ་གྱིས་བརྒྱ་པ། སངས་རྒྱམ་གྱིམོས་པ་ལ་པད་ལ་སོར་པ་ཡོངས་སུ་རྫོགས་པར་བྱེད་དོ།། བཟོད་པས་བརྩམམས་ཅན་དང་བ་རྒྱད་བབང་པོ་དང་། བྱངས་རྒྱས་ཀྱི




iiif viewer powered by OpenSeadragon

92b - 93b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo