| e-texts navigator |
| Wylie |
92a1 བའི་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་བདག་པོའི་ཆོས་ལྔ་འཐོབ་སྟེ། ལྔ་གང་ཞེ་ན། དབང་པོ་མ་ཚང་པ་མྱེད་པས་ལུས་དང་ངག་དང་། སེམས་ཀྱི་བདག།
92a2 པོ་ཐོབ་པ་དང་། དགྲ་ཐམས་ཅད་ཀྱི་མྱི་རྫི་བས། ལོངས་སྤྱོད་དང་དབང་ཕྱུག་རྒྱ་ཆེན་པོའི་བདག་པོ་འཐོབ་པ་དང་། བསོད་ནམས་ལ་དབང་བྱེད་པས་དེའི་སེམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ་དང
92a3 ཕྱིས་བཀྲབ་པ་ཐོབ་པས་རྒྱལ་པོ་བདག་པོས་མཆོད་པ་དང་། སྔོན་ཕྲག་དོག་མྱེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབུམ་འགྱུར་དུ་ཁྱད་པར་འགྱུར་བ་འཐོབ་པ་སྟེ། སྔ་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མྱེད་པ
92a4 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་འཇིག་རྟེན་གསུམ་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུ་རུ་རོ།། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི།
92a5 ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། དེའི་སེམས་རྣམ་པར་མྱི་འཚེ་བ་ལ་འཇུག་པ་དང་། དེའི་སེམས་གནོད་སེམས་རབ་ཏུ་ཞི་བ་ལ་འཇུག་པ་དང་། དེའི་སེམས་རྩོད་པ་མྱེད་ཅིང་འཐབ་པ
92a6 མྱེད་པ་ལ་འཇུག་པ་དང་། དེའི་སེམས་མཉམ་པ་དང་། མཉེན་པ་དང་དེ་ས་པ་ལ་འཇུག་པ་དང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར། འཕགས་པ་འི་སྐྱེ་བོས་བཀུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་མངོན་པར
92a7 དགའ་བའི་ཕྱིར། ཕན་པའི་དངོས་པོ་མང་བ་དང་། སྐྱེ་བོ་མང་པོས་བཀུར་བསྟི་བྱ་བའི་ཕྱིར་མཛེས་པ་དང་། སེམས་འཇམ་ཞིང་ལས་སུ་རུང་བའི་ཕྱིར་དེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་དགའ་བ་མྱེད་པ་སྟེ། བརྒྱད་པོ་དེ་དག་གོ།། དགེ་བན
92a8 རྩ་བ་དེ་གལ་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེས་དེ་སེམས་ཐོགས་པ་མྱེད་པའི་དེ་བཞིན་གཤེགས་པ་ལྟ་བས་ཆོག་མྱི་ཤེས་པར་འགྱུར་རོ།། ཀླུའི་བདག་པོ་ལོག་པར་ལྟ་བ་སྤངས་པའི་སྐྱེས་བུ་གང་ཟག
92a9 ནི། ཡོན་ཏན་གྱི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན། བསམ་པ་དག་པར་འགྱུར་ཞིང་། གྲོགས་པོ་དགེ་བ་རྙེད་པ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་ཆེས་ཏེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མྱི་བྱེད་པ་དང་། ལྷར་སངས་རྒྱས་འཛིན་ཏེ།