e-texts navigator
Collection
Volume
Page
Wylie

91b1 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན་དེས་དེ་དབེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། ཀླུའི་དབང་པོ་ཕྲ་མ་སྤངས་པའི་སྐྱེས་བུ་གང་ཟག་ནི། མྱི་ཕྱེད་པ་ལྔ་འཐོབ་སྟེ། ལྔ་གང་ཞེ་ན།
91b2 གཞན་གིས་གནོད་པར་བྱ་བ་དང་བྲལ་བས་ལུས་མྱི་བྱེད་པ་འཐོབ་པ་དང་། གཞན་དག་གིས་ཆགས་པ་མྱེད་པས། གཡོག་འཁོར་མྱི་བྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྦྱིན་པ་མཐོང་བས་དད་པ་མྱི་བྱེད་པ་འཐོབ
91b3 དང་། བསྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མྱི་བྱེད་པ་འཐོབ་པ་དང་། མྱི་སླུ་བས་མཛའ་བཤེས་མྱི་བྱེད་པ་འཐོབ་པ་སྟེ། ལྔ་པོ་དེ་དག་ཀོ།། དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
91b4 ཡོངས་སུ་སྔོན། དེས་དེ་གཡོག་འཁོར་མྱི་བྱེད་པའི་དེ་བཞིན་གཤེགས་པྲ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། དེའི་འཁོར་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་དབྱེ་བར་མྱི་ནུས་སོ།། ཀླུའི
91b5 བདག་པོ་དག་རྩུབ་པོ་སྤངས་པའི་སྐྱེས་བུ་གང་ཟག་ནི། ངག་ཡོངས། སུ་དག་པ་བརྒྱད་འཐོབ་ལ། ཤི་ཡོས་ན་ཡང་ལྷ་དང་། མྱི་རྣམས་ཀྱི་ནང་དུ་སྐྱེ་བ་ར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། རན་པའི་ཚིག་དང་།
91b6 ཕན་པའི་ཚིག་དང་། རིགས་པའི་ཚིག་དང་། འཇམ་པའི་ཚིག་དང་། གཟུང་བའི་ཚིག་དང་། མཉན་པའི་ཚིག་དང་། སྐྱེ་བོ་མང་དགའ་བམ་ཚིག་དང་། མྱི་སྤད་པའི་ཚིག་སྟེ། བརྒྱད་པོ་དེ་དག་གོ།། དགེ་བའི།
91b7 རྩ་བ་དེ་ག་ལ་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེས་དེ་ཚངས་པའི་སྒྲ་སྐད་གི་གདངས་ཅན་དེ་བཞིན་གཤེགས་པར་འགྱུར་རོ།། ཀླུའི་བདག་པོ་ཚིག་རྒྱལ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི།
91b8 གཅིག་ཏུ་ངེས་པ་གསུམ་འཐོབ་སྟེ། གསུམ་གང་ཞེ་ན། མཁས་པ་རྣམས་གཅིག་ཏུ་ངེས་པར་དཀའ་བ་དང་། སན་ལེགས་པར་གློན་པས་གཅིག་ཏུ་ངེས་པར་དེའི་བློ་བདེན་པ་ལ་འགྲོ་བ་དང་། བཅོས་མ་མ་ཡིན་པས་གཅིག་ཏུ
91b9 ངེས་པར་ལྷ་དང་མྱི་འ་བདག་ཉིད་ཆེན་པོ་འཐོབ་པ་སྟེ། གསུམ་པོ་དེ་དག་གོ།། དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། དེས་དེ་ཕྱེད་པར་ལུང་སྟོན་ཅིང་གཞན་དུ་མྱི་གསུང




iiif viewer powered by OpenSeadragon

91a - 92a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo