| e-texts navigator |
| Wylie |
91a1 བསྐལ་པ་སྤྱོད་པ་མྱི་མཛ་བ་རྣམས་ཀྱིས་མྱི་འཕྲོགས་པ་ཡིན། སྐྱེ་བོ་མང་པོའི་ཡིད་དུ་འོང་ཞིང་དགའ་བ་ཡིན། དོགས་པ་མྱེད་པ་ཡིན། ཕྱོགས་དང་ཕྱོགས་མཚམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ
91a2 ཀྱི་གནོད་པས་འཇིགས་པ་མྱེད་པ་ཡིན། དེའི་སེམས་སྦྱིན་པའི་བགོ་བཤའ་ལ་འཇུག་པ་ཡིན་ཏེ། ལྔ་པོ་དེ་དག་གོ།། མ་བྱིན་པར་ལེན་པ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ
91a3 ཡོངས་སུ་སྔོ་ན། དེས་དེ་བཞིན་གཤེགས་པ་ཉེ་བའི་ཉོན་མོངས་པ་ཅན་མ་ཡིན་པའི་ཡེ་ཤེས་ཅན་དུ་རང་གིས་མངོན་པར་རྟོགས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཀླུའི
91a4 བདག་པོ་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་སྐྱེས་བུ་གང་ཟག། ནི། མཁས་པས་བསྔགས་པའི་ཆོས་བཞི་འཐོབ་སྟེ། བཞི་གང་ཞེ་ན། དབང་པོ་བསྔགས་པ་དང་། རྒོད་པ་ལས་ཡང་དག་པར་འདས་པ་དང་།
91a5 འཇིག་རྟེན་ཐམས་ཅད་ཀྱིས་བསྔགས་པ་དང་། ཆུང་མ་མྱི་འཕྲོགས། པ་སྟེ། བཞི་པོ་དེ་དག་གོ།། འདོད་པ་ལ་ལོག་པར་གཡེམ་པ་སྤངས།། པའི་དགེ་བའི་རྩ་བ་དེ་གལ་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས
91a6 པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན་དེས་དེ་སྐྱེས་བུ་ཆེན་པོའི་མཚན། 2་དོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་བོ།། ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུ་གང་ཟག་ནི། ལྷ་དང་མྱིས་བསྔགས་པའི
91a7 ཆོས་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། ཨུད་པ་ལའི་དྲི་འབྱུང་བས་ཁ་ཡོངས་སུ་དག་པར་འཐོབ་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་ཚད་མར་འགྱུར་བ་དང་། ལྷ་དང་མྱི་དགའ་བས་དབང་གཅིག་པུར་འགྱུར་བ་དང་། ཡང་དག་པའི
91a8 བསམ་པ་དང་ལྡན་པས་དོགས་པ་མྱེད་པར་འགྱུར་བ་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང་ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མྱེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར
91a9 པ་དང་། ཚིག་གཟུང་བར་འོས་པས་ངག་ཉན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྷ་དང་མྱིར་སྐྱེས་ན། དབང་གཅིག་པུར་འགྱུར་བ་ཡིན་ཏེ། བརྒྱད་པོ་དེ་དག་གོ།། བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ།