e-texts navigator
Collection
Volume
Page
Wylie

90b1 གང་ཞེ་ན། དགེ་བའི་ཆོས་རྣམས་ཤེས་བྱ་བ་ནི། ལྷ་དང་མྱིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ།། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང
90b2 ཆུབ་ཀྱི་རྩ་བའི་རྟེན་ཏོ།། རྩ་བའི་རྟེན་ཀྱང་གང་ཞེ་ན་འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་སམ་རྣམས་ཏེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས
90b3 ལོག་པར་གཡེས་བུ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཟས་སྤོང་བ་དང་། ངག་ནུབ་པོ་སོང་བ་དང་། ཅིག་ཀྱལ་བ་སྤོང་བ་དང་། བན་པ་སེམས་སྤོང་བ་དང་། གནོད་སེམས་སྤོང་བ་དང་། ལོག་པར་ལྟ་བ་སྤོང་བ།
90b4 སྟེ། དེ་ནི་རྩ་བའི་རྟེན་ཅེས་བྱའོ།། ཀླུའི་བདག་པོ་དེ་ལ་སྲོག་གཅོད་པ་སྤང་བའི་སྐྱེས་བུ་གང་ཟག་ནི། རབ་ཏུ་ཞི་བར་བྱེད་པའི་ཆོས་བཅུ་འཐོབ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་མྱི་འཇིགས་པ་བྱིན་པ་ཡིན
90b5 དེའི་སེམས་བྱམས་པར་དམྱིགས་པ་ལ་ཉེ་བར་གནས་པ་ཡིན། དེའི། ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན། དེས་ནད་ཉུང་བར་ལ། གྱུར་པའི་ལམ་ཡོངས་སུ་གཟུང་བ་ཡིན། དེས་ཚེ་རིང་བར་འགྱུར་བའི་ས
90b6 བོན་བཏབ་པ་ཡིན། དེ་ལ་མྱི་མ་ཡིན་པ་རྣམས་ཀྱང་བསྲུང་བ་དང་། སྒྲུབ་པ་དང་། སྦེད་པར་བྱེད་པ་ཡིན། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨྱི་ལམ་མྱི་སྒྲི་བ་ཡིན། གཉིད་ལོག་པ་ན་ཡང་དེ་ལ་ལྷ
90b7 ནམས་བསྲུང་བ་ཡིན། དེ་ལ་ཤར་གཉེར་བ་མྱེད་པ་ཡིན་ཏེ། དེ་ལ་ཤར་གཉེར་བའི་བྲག་ལ་ཉལ་མྱེད་པ་ཡིན། ངན་འགྲོ་ཐམས་ཅད་ཀྱིས་མྱི་འཇིགས་པ་དང་། ཤི་འཕོས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡིན་ཏེ། 8
90b8 ཏུ་ཞི་བར་བྱེད་པའི་ཆོས་བཅུ་པོ་དེ་དག་ཐོབ་པོ།། སྲོག་གཅོད་པ་སྤངས་པའི་དགེ་བའི་རྩ་བ་དེ། གལ་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོན་དེ་དེ་བྱང་ཆུབ་ཐོབ་པ་ན་ཚེའི་ཚད་སེམས་ཀྱི་དབང་དུ་འགྱུར་རོ།།
90b9 ཀླུའི་བདག་པོ་ལ་བྱིན་པར་ལེན་པ་སྤངས་པ་སྐྱེས་བུ་གང་ཟག་ནི། ཡིད་བཏན་པའི་ཆོས་ལྔ་ཐོབ་སྟེ་ལྔ་གང་ཞེ་ན། ཡོངས་སུ་སྤྱོད་ཆེ་བར་ཡང་འགྱུར་ལ། དེའི་ལོངས་སྤྱོད་དེ་དག་ཀྱང་རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་དང་མྱེ་དང་། བརྐོ།




iiif viewer powered by OpenSeadragon

90a - 91a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo