e-texts navigator
Collection
Volume
Page
Wylie

90a1 བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་། ལཱུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་འདི་རྣམས་ཀྱི་བཀོད་པ་འདི་དག
90a2 ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བ་དག་གོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་གང་དག་ལུས་སྣ་ཚོགས།། གཟུགས་མྱི་སྡུག་ཅིང་དབྱིབས་མ་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་། གང་དག་ཡུས
90a3 ཕྲ་ཞིང་རུང་བ་དེ་དག་ཐམས་ཅད་ཀྱང་རང་རང་གི་སེམས་དང་དགེ་བ་དག་དང་། མྱི་དགེ་བའི་རྩ་བའི་ལུས་དང་ངག་དང་། ཡིད་ཀྱི་ལས་སྣ་ཚོགས་ཀྱིས་སྣ་ཚོགས་སུ་བྱས་པ་དག་སྟེ། ཀླུའི་བདག་པོ་དེ་ལྟ་བས་ན། ཁྱོད་ཀྱིས་ལས
90a4 བདག་གིར་བྱ་བ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་རྟོན་པར་འགྱུར་བ་རུ་དེ་ལྟར་སློབས་ཤིག་དང་ལས་བདག་གིར་བྱ་བ་དང་ལས་ཀྱི་རྣམ་པར་སྦྱིན་པ་ལ་རྟོན་པ་ཁྱེད། དགེ་བའི་ལས་མངོན་པར་འདུ་བྱ་བ་དག་ལ་བློ
90a5 འཇུག་པར་འགྱུར་རོ།། ལྟ་བ་ཆུད་གཟོན་པར་བྱེད་པར་མྱི་འགྱུར། རོ།། ཆད་པ་དང་། རྟག་པར་ལྟ་བ་ལ་གནས་པར་ཡང་མྱི་འགྱུར་རོ།། ཁྱེད་ཀྱི་སྦྱིན་པའི་གནས་རྣམས་མཉེས་པར་གྱིས་ཤིག། མཉེས
90a6 པར་བྱས་ནས་ཀྱང་ཐུགས་བྱུང་བར་མ་བྱེད་ཅིག། བཀུར་སྟིའི་རྒྱུ་ལས་བྱུང་བའི་དགེ་བའི་མངོན་པར་འདུ་བྱེད་པས་ཀྱང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་བཀུར་བསྟིའི་གནས་སུ་འགྱུར་བར་གྱིས་ཤིག།
90a7 ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བར་ཡང་དག་པར་གཅོད་དོ།། ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ
90a8 ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས། མྱི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མྱི་འབྱེད་དོ།། དེ་མྱི་དགེ་བའི་ཆོས་སྤངས།
90a9 དགེ་བའི་ཆོས་དང་ལྡན་པས་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོགས་པ་རྙེད་པར་འགྱུར་རོ།། ཀྭའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག




iiif viewer powered by OpenSeadragon

89b - 90b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo