e-texts navigator
Collection
Volume
Page
Wylie

89a1 རྒྱས་ཆེན་པོའི་གཏིང་གི་དཀྱིལ་གྱི་གནས། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ཁམས་བཀོད་པ་ཀལ་བ་དེར་གཤེགས་ནས། སེང་གེའི་ཁྲི་དེས་བཞུགས་སོ།། དགེ་སློང་གི་དགེ་འདུན་ནམས་དང་། བྱང་རྔུས
89a2 སེམས་དཔའ་རྣམས་ཀྱང་བན་ཇི་སྐར་བགམས་པ་དེ་དག་ལ་འབོད་དོ།། དེ་ནས་བུའི་རྒྱལ་པོ་རྒྱ་མཆོས་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་རིག་ན་སྡེ་བུ་དང་བཅས།
89a3 ཆུང་མ་དང་བཅས། གཉེན་འདབ་དང་བཅས་འཁོར་དང་བཅས་པས། རང་གི་ལག་གིས་ཞལ་ཟས་ལོ་བརྒྱ་དང་ལྡན་པ་བསོད་པ་མང་པོས་ཚིམ་པར་བྱེད་ཅིང་འི་ཞེད་པ་སྟོབས་པར་བྱེད་དོ།། ཚིམ་པར་བྱས་ཤིང་ཅི་བཞེད་པ་བསྟབས
89a4 ནས། བཤོས་གསོལ་ལགས་ཏེ། གསང་སྡེར་གྱུ་བ་དང་། ཕྱག་བཅབས་པར་རིག་ནས། ཆོས་མཉན་པའི་ཕྱིར་ཀླུའི་རྒྱལ་པོ་རྒྱ་མཚོ། ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འོ
89a5 ཅི་དང་། ལྟོ་འཕེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་རྣམས་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་དུ་བཅོམ
89a6 ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཚོགས་ཏེ། འཁོད་པར་ཐུགས་སུ་ཆུད་ནས་བདེ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བའི་ཆོས
89a7 མཉན་པའི་ཞེས་བྱ་བའི་འོད་གཟེར་སྐུ་ལས་འགྱེད་པར་མཛད་དེ། འོད་གཟེར་དེ་དག་གིས་རྒྱ་མཚོ་ཆེན་པོའི་ནང་ན། སྲོག་ཆགས་རབ་དང་། འབྲིང་དང་། ཐ་མ་ཇི་སྙེད་གནས་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་མདུན
89a8 ན་བཞུགས་པར་མཐོང་བར་འགྱུར་ཏེ། བདེ་བ་དང་། དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། ཆོས་མཉན་པ་ལ་བྲོད་ཅིང་གུས་པ་དང་བཅས་པས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདུད་ཅིང་འཁོད་པར་གྱུར་ད་ཏོ།།
89a9 དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བཀའ་སྩལ་པ། ཀླུའི་བདག་པོ་འཇིག་རྟེན་གནས་པ་འདི་ནི། ལས་སྣ་ཚོགས་ཀྱིས་བསྐྱོད་ནས། སེམས་ཀྱི་དམྱིགས་པ་སྣ་ཚོགས་ཀྱིས་ལས་རྣམ་པ་སྣ་ཚོགས་མངོན




iiif viewer powered by OpenSeadragon

88b - 89b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo