| e-texts navigator |
| Wylie |
88a1 བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོ་རྣམས་དང་། ལྒ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སྐ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕེ་ཆེན་པོ་དང་།
88a2 མྱི་དང་མྱི་མ་ཡིན་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པ་རྒྱ་མཚོ་ཆེན་པོར་གཤེགས་པ་མཐོང་ངོ་།། དེ་ན་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། ལྷ་མ་ཡིན
88a3 གྱི་བུ་མོ་དང་། ནམ་མཁའ་ལྡིང་གྱི་བུ་མོ་དང་། དྲ་ཟའི་བུ་མོ་དང་། མྱི་འམ་ཅིའི་བུ་མོ་དང་། ལྟོ་འཕྱེ་ཆེན་པོའི་བུ་མོ་བྱ་བ་ཕྲག་འབུམ་དག་གིས། སིལ་སྙན་དང་། ཀླུའི་དབྱངས་ལེན་ཅིང་བཅོམ་ལྡན་འདས་མདུན་ནས་བསུས
88a4 ནས། དེའི་ཚེ་རྒྱུད་ཀྱི་སྒྲ་སྐད་ལས་བྱུང་བའི་ཚིགས་སུ་བཅད་པ་ཁྱད་པར་དུ་འཕགས་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྦྱིན་པ་ལས་བྱུང་ཚུལ་ཁྲིམས་མཛེས་དང་ལྡན།། བཟོད་པའི་སྟོབས་ལས
88a5 བྱུང་བ་བྱམས་པར་བསྒོམས།། བརྩོན་འགྲུས་ལས་བྱུང་དོན་གྱི་རྒྱ་མ། ཆོ་ལགས། བསམ་གཏན་རྣམ་ཐར་ད་དགྱེས་པ་ཁྱོད་ཕྱག་འ་ཚལ།། ཤེས་རབ་འོད་ལྡན་དགོངས་པ་རྣམ་པར་དག། འོད་དང་གན
88a6 བརྗིད་དཔལ་གིས་མངོན་པར་བརྒྱན།། རྣམ་པར་གྲོལ་བ་མངོན་སུམ་སྟོན་མཛད་པ། ཐུབ་པ་ཉོན་མོངས་བསིལ་ཡ་ཕྱག་འཚལ་ལོ།། བརྟུ་ལ་ཞུགས་ཤིན་ཏུ་རྫོགས་པ་བརྟུལ་ཞུགས་མཆོག། དཀའ་ཐུབ
88a7 མཐར་ཕྱིན་རྟོགས་པར་ཐུགས་སུ་ཆུད། མྱིག་ནི་སྦྱིན་པར་མཛད་ཅིང་མྱིག་སྦྱོར་བ། འགྲོ་བ་ཀུན་ཏུ་རྒྱུ་བ་འགྲོ་བའི་མཆོག། དོན་དམ་ཟབ་མོ་ཤིནད་ཏུ་སྟོནད་པ་པོ།། གཞན་ཡང་ཕན་པ་ཟླ་མྱེད་ཐུགས་སུ་ཆུད།། ཆགས་པ་མྱེད
88a8 པར་ཚིག་གི་དོན་སྟོན་པ།། གཞན་ལ་ཕན་པ་དཔེ་མྱེད་འོད་མཛད་པ། དུས་སྐབས་མཁྱེནད་པ་ཀུན་ཏུ་སྟོནད་པ་པོ།། རྒོལ་བ་ངན་པའི་ཚོགས་ཀུན་རབ་འཇོམས་པ།། བརྟུལ་ཞུགས་ཡོངས་སུ་རྫོགས་པ་བརྟུལ་ཞུགས་མཆོག།
88a9 བདུད་རྩིའི་བདེ་སྤྱད་བདེ་བ་སྤྱན་མཛད་པ། ནམ་མཁའ་འདྲ་ཞིང་དགོངས་པ་དག་པ་སྟེ། དྲི་མ་ཀུན་སེལ་རྣམ་པར་འདྲེན་པ་པོ།། ཡོན་ཏན་རྒྱ་མཚོ་བསོད་ནམས་མྱི་ཟད་པ།། རྒྱ་མཚོར་འཇུག་པ་ཡེ་ཤེས་རྒྱ་མཚོར་ལྡན།