| e-texts navigator |
| Wylie |
87b1 རྒྱས་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་ནས་ཀྱང་། བྱང་ཆུབ་སེམས་དཔའ་བདུད་རབ་ཏུ་འཇོས
87b2 པ་དང་། ཟག་འཇོམས་རྒྱལ་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཅེན་ཏོག་གི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་རིན་ཅེན་ལྡན་ནས་ཀྱང་། བྱང་ཆུབ་སེམས་དཔའ་བློ་གྲོས་རབ
87b3 དང་། སྒྲིབ་པ་ཐམས་པད་ན་སུ་དུ་མོས་པ་གཉིས་འོས་སོ།། དེསར་ཐོགས་ནས་ཀྱང་བྱུང་ནབ་སེམས་དབྱ་རྗེ་བཞན་ཞིག་འདུས་པས་བྱེམ་ཡང་།། ཀླུའི་རྒྱལ་པོ་རྒྱམ་ཚོ་དགའ་བར་བྱ་བ་དང་། དེ་བཞིདས་།
87b4 པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྤགས་སོ།། དེ་ནས་བཅོམ་ལྡ་ན་འདས་ཀྱིས་སངས་རྒྱས་ཀྱི་མཐུ་ཆེན་པོ་དང་། སངས་རྒྱས་ཀྱི་མོ་འཕྲུལ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ་དང་། སངས
87b5 རྒྱས་ཀྱི་བཀོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཆེན་པོ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པ་ཆེན་པོ་དང་། སངས་རྒྱ་ས་ཀྱི་མཆོད་པ་ཆེན་པོ་དང་། སངས་རྒྱས་ཀྱི་སེང་གེའི་སྒྲ་ཆེན་པོས
87b6 ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མྱེད་པ་དག་འོད་ཀྱིས་ཁྭ་བ་པར་མཛད་དེ། སངས་རྒྱས་ཀྱི་གསུང་གིས་གོ་བར་མཛད་ནས་ལྷ་འབུམ་གྱིས་སིས་སྙན་དང་ཀླུའི་དབྱངས་ལེན་ཅིང་མེ་ཏོག་གི་ཆར
87b7 འབེབས་ཡ་ངན་སོང་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་རབ་ཏུ་ཞི་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་བསྒྲུབས་ནས། སྙིང་རྗེ་ཆེན་པོ་བརྟན་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་།
87b8 ལ་སྙོམས་པར་ཞུགས་སོ།། བཀོད་པ་བསམ་གྱིས་ཀྱི་ཁྱབ་པ་དེས་བུས། རིམ་པོ་ཆེའི་ཐེམ་སྐས་དེ་དག་ལས། རྒྱ་མཚོ་ཆེན་པོར་གཤེགས་ཏེ། དེ་ལྟ་བུའི་གླུ་དབྱངས་ལེན་པ་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང
87b9 རཔག་དུ་མྱེད་པར་གསུང་གིས་གོ་བར་མ་ཛད་ནས་སངས་རྒྱས་ཀྱི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ