e-texts navigator
Collection
Volume
Page
Wylie

87a1 འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་འཁོར་མང་པོ་བྱེ་བ་ཁྲག་ཁྲིག
87a2 ཕྲག་འབུམ་ཀླུའི་རྒྱལ་པོ་རྒྱ་མཚོ་དགའ་བར་བྱ་བ་དང་། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྤགས་སོ།། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་བཀོད་པ་སྔ་མ་གང་ཡིན་པ་དེ་མོག་མོག་པོར
87a3 བྱེད་ཅིང་མྱི་མངོན་པར་བྱེད་པ་དེ་ལྟ་བུའི་མཆོད་པ་བྱས་སོ།། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་པ་དགའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་འོད་གཟེར་ཅན་ནས་བྱང་ཆུབ་སེམས་དཔའ་འོད་ཀྱི་ཏོག་དང་།
87a4 འོད་ཀྱི་དཔལ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་ག་གུས་པ་མྱི་འཁྲུག་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པ་ཀུལ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དང་། ཀླང
87a5 ཆེན་སྤོས་ཀྱི་གླང་པོ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞི་ན་གཤེགས་པ་ཉི་ཟླའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རྣམ་པ་ར་སྣང་བྱེད་ནས་ཀྱང་། བྱང་ཆུབ་སེམས་དཔའ་སེང་གེ་དང་། སེང
87a6 གེའི་བློ་གྲོས་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་བཟངས་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མྱིག་མྱི་འཛུམ་ས་པ་ནས་ཀྱང་བྱང་ཆུབ་སེམས་དཔའ་ཁ་ལོ་སྦྱར་བ་དང་། ཆོས་ཐམས
87a7 ཅད་དབང་བྱེད་པ་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་སྣང་བའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ནས་ཀྱང་། བྱང་ཆུབ་སེམས་དཔའ་རིན་ཅེན་དཀྱིལ་འཁོར་ཅན་དང་། རིན
87a8 ཅེན་ཏ་ལ་ལ་ཀཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཅེན་དཔལ་གྱི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་དའའི་སྙིང་པོ་ནས་ཀྱང་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། རྣམ་པར་གནོས
87a9 པ་དོན་ཡོད་གཉིས་འོངས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་རྣམ་པར་གཟིགས། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཀུན་ཏུ་ལྟ་བ་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྤྲིན་གྱི་རྒྱལ་པོ་དང་། ཆོས་ཀྱི།




iiif viewer powered by OpenSeadragon

86b - 87b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo