| e-texts navigator |
| Wylie |
86b1 དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་རང་ལྷོ་ཕྱེ་ཆེན་པོ་རྣམས་དང་། མྱི་དང་མྱི་མ་ཡིན་པ་རྣམས་དགའ་བའི་ཚལ་ལྟར་ཉམས་དགའ་བའི་ཙམ་པ་ཀའི་ཚལ་ནས་ལངས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཐེམ་སྐས་ཀྱི་རིམ་པ་བགས
86b2 པ་ག་ལ་བ་དེར་དོང་སྟེ། ལྤགས་ནས་ཐེམ་སྐས་དབུ་མ་ལ་ནི་བཅོམ་ལྡན་འདས་བཞུགས་སོ།། གཡས་རོལ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་མཁོད་དོ།། གཡོན་རོལ་ན་ནི་ཉན་ཐོས་ཆེན་པོ་རྣམས་འཁོད་དོ།། འདུན
86b3 ལོགས་ན་ནི་བརྒྱ་བྱིན་བྱེ་བ་ཕྲག་དྲུག་བཅུ་ལག་པ་གཡས་པས་ལམ་མཚོན་པར་བྱེད་དོ།། ཚངས་པ་བྱེ་བ་ཕྲག་དྲུག་བཅུ་ནི་ནམ་མཁའི་དཀྱིས་ན་འཁོད་དེ། བཅོམ་ལྡན་འདས་ལ་རིན་པོ་ཆེའི་གདུགས་རྣམས་འཛིན་ཏོ།། སྭ་བྱེ་བ
86b4 ཕྲག་དྲུག་བཅུ་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འཁོད་དེ་མེ་ཏོག་གི་ཆར་འབེབས་སོ།། འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ནི། བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། སིལ་སྙན་བྱེ་བ་ཕྲག་དྲུག་བཅུ་དཀྲོལ
86b5 པར་བྱེད་དོ།། ལྷའི་བུ་མོ་བྱེ་བ་ཕྲག་དྲུག་བཅུ་ནི། བཅོམ་ལྡན་འདས་ཀྱི་ཤུལ་སྤོས་ཆུས་ཆག་ཆག་འདེབས་སོ།། ཀླུའི་བུ་མོ་བྱེ་བ་ཕྲ་ག་དྲུག་བཅུ་ནི་ནམ་མཁའི་དཀྱིལ་ན་འཁོད་དེ། རོ་སྟོད་ཁེབས་པའི་མུ
86b6 ཏིག་གི་འཕྲེང་བ་དག་བྱང་བར་བྱེད་དེ། མྱི་འམ་ཅི་བྱེ་བ་ཕྲག་དྲུག་ཅུ་ནི་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་བརྗོད་པས་བསྟོད་པར་བྱེད་དོ།། དྲི་ཟ་བྱེ་བ་ཕྲག་དྲུག་བཅུ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མེ་ཏོག་གི
86b7 འཕྲེང་བ་རྣམས་འཕྱང་བར་བྱེད་དོ།། ལཱ་མ་ཡིན་བྱེ་བ་ཕྲག་དྲུག་བཅུ་ནི་རས་བཅོས་བུ་ཁ་དོག་སྣ་ཚོགས་སྟོང་གིས། བཅོམ་ལྡན་འདས་ལ་འགེབས་པར་བྱེད་དོ།། ཀླུའི་རྒྱལ་པོ་མ་དྲོས་པ་ཡང་འཁོར་བྱེ་བ་ཕྲག་བརྒྱ་དང་།
86b8 ནམ་མཁའི་དཀྱིལ་ན་འཁོད་དེ། མྱེ་ཏོག་དང་། སྤོས་དང་། བྱ་མ་དང་། ཐུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཐམས་ཅད་དང་སིལ་སྙན་དང་བུ་དབྱངས་དང་། ཕེག་རྡོབ་པ་དང་། ལྷའི་བཀོད
86b9 པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དེ། དེ་ལ་ས་སྩོགས་པ་ཀླུའི་རྒྱལ་པོ་དྲུག་ཁྲི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱེད་པ་ཞུགས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མྱེད་པའི་སངས་རྒྱས་ཀྱི་ཞིང་།