e-texts navigator
Collection
Volume
Page
Wylie

86a1 གདུགས་ཆོད་ཕབ་པོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་སྙམ་དུ་སེམས་སྟེ།། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས། བདག་གི་གནས་སུ་གཤེགས་པ་ནི། བདག་གི་རིགས་སུ་མ་ཡིན་ཆ་མ་ཡིན་གྱིས།།
86a2 བདག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། ཐེམ་སྐས་ཇི་ལྟ་བུ་དག་གིས་བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་གྱི་གནས་ནས། འཛམ་བུའི་གླིང་དུ་གཤེགས་པ་དེ་ཁོ་ན་ལྟ་བུའི་ཐེས་སྐས་དག་བྱིན་གྱིས་བརླབས་ལ།
86a3 ཐེམ་སྐས་དེ་དག་ལས་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོར་གཤེགས་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱ་མཚོ་ཆེན་པོའི་འགྲམ་ནས་རང་གི་གནས་ཀྱི་བར་དུ་ཐེམ་སྐས་ཀྱི་རིམ་པ་གསུམ་བཤམས་ཏེ།། གཅིག།
86a4 ནི་གསེར་ལས་བྱས། གཅིག་ནི་བྱེ་དུ་རྱ་ལས་བྱས་གཅིག་ནི་མུ་ཏིག་དམར་པོ་ལས་བྱས་ཏེ། རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། བཀྲ་བ་ལྟ། ན་སྡུག་པ་དག་བཤམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཙཾ
86a5 ནས་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་སུས་ཀྱང་མྱིག་གིས་མྱི་མཐོང་བ་ད། ང། ཆུས་ཀྱང་སེམས་ཅན་དག་ལ་གནོད་པར་མྱི་འགྱུར་བ་དེ་ལྟ་བུའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ།། བཅོམ་ལྡན་འདས་ཀྱི་སྐུ་ལས་ཀྱང་འོད་གང་གིས
86a6 རྒྱ་མཚོ་ཆེན་པོ་སྣང་བར་གྱུར་ད་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇ་གརྟེན་གྱི་ཁམས་སྣང་བར་འགྱུར་བ་དེ་ལྟ་བུའི་འོད་འགྱེད་པར་མཛད་དོ།། རྒྱ་མཆེ་ཆེན་པོ་ན་སེམས་ཅན་གནས་པ་གང་ཡིན་པ་དེ་དག་ཀྱང་འོད་དེས
86a7 རེག་པ་ཙམ་གྱིས་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གཉེན་པའི་སེམས་དང་། བདེ་བའི་སེམས་སུ་གྱུར་ཏེ། ཕྱིན་ཅད་སུ་ཡང་ཕན་ཚུན་རྣམ་པར་འཚེ་བ་མྱེད་ཅིང་གནོད་པ་བྱེད་པ་མྱེད་དེ། དེ་དག་ཐམས་ཅད
86a8 གཅིག་ལ་གཅིག་པ་མར་འདུ་ཤེས་པར་གྱུར་ཏོ།། འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་། ཆོས་མཉན་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བཀོད་པ་བལྟ་བར་འདོད་པའི་ཕྱིར། བཅོམ་ལྡན་འདས
86a9 བྱིགྱི་བཞིན་འབྲང་ངོ་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་ལས་སོགས་པ་སྐ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་སྣམ་།




iiif viewer powered by OpenSeadragon

85b - 86b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo