e-texts navigator
Collection
Volume
Page
Wylie

85b1 རྒྱའི་ཏོག། བསོད་ནམས་འཚལ་རྣམས་བསོད་ནམས་ཞི་ཆེན་བཅོམ་ལྡན་འདས།། མཆོད་སྦྱིན་དམ་པའི་བཤེས་པའི་འོས་ལགས་ཡོན་གྱི་གནས།། བྱམས་ལ་དགྱེས་པ་གདུགས་ཚོད་བབ་ཀྱིས་གཤེགས་སུ
85b2 གསོལ།། ལྷུན་པོ་འདྲ་ཞིང་ས་དང་མཚུངས་ལ་སྦྱོར་བ་སྙོམས། བྱམས་སྡང་མྱི་མངའ་ནམ་མཁའི་ངོ་བོ་ཉིད་དང་མཚུངས།། མྱིའི་དབང་པོ་ཁེབས་པ་མྱི་མངའ་དམན་མྱི་མངའ།། སྤྱོང་དང་རྣམ་པར་ཐ་ར་ལ
85b3 དགྱེས་པ་གདུགས་ཆོད་པ་བ།། ཀུན་མཁྱེན་ཀུན་ལ་མཁས་པ་དུས་དང་ཆོ་ག་མཁྱེན། ཆོས་རྣམས་འབྱེད་ལ་མཁས་པ་རྟག་ཏུ་དུས་བཞིན་སྤྱོད། སེམས་ཅན་བསམ་པ་རབ་མཁྱེནད་དོན་རིག་མཁྱེན་པར་ལྡན།།
85b4 ཆོས་ཀྱི་ངོ་བོ་ཉིད་མཁྱེན་གདུགས་ཚོད་དུས་ལ་བབ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོ་རྒྱ་མཚོ་གདུགས་ཚོད་ལ་བབ་པ་དེ་ཐུགས་སུ་ཆུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག
85b5 ཀླུའི་རྒྱལ་པོ་རྒྱ་མཚོས་གདུགས་ཚོད་ལ་བབ་ཀྱིས། སྤུང་གཟང་དང་ཆོས་གོས་ལོང་ལ། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཡོངས་སུ་ལོངས་སྤྱད་པའི་ཕྱིར་རྒྱ
85b6 མཚོ་ཆེན་པོར་འདེང་ངོ་།། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ནི་ཡོངས་སུ་བསྐོརང་།། ཉན་ཐོས་ཀྱི་དགེལ་འདུན་གྱིས་ནི་མདུན་དུ་བདང་། ལྷའི་ཚོགས་ཀྱིས་ནི་ཕྱག་བྱས།
85b7 ལྷ་མ་ཡིན་གྱི་ཚོགས་ཀྱིས་ནི་བསྟོད་དེ། ངང་པའི་རྒྱལ་པོ་བཞིན་དུ་སྟེད་གྱི་བར་སྣང་ལ་འཕགས་ཏེ། གཤེགས་ནས་འོད་གཟེར་ནི་འགྱེད། སངས་རྒྱས་ཀྱི་ཞིང་རྣམས་ནི་སྣང་བར་མཛད། པད་མའི་ཆར་ནི་འབེབས
85b8 སིལ་སྙན་འབུམ་ནི་སྒྲོགས། ཀླུ་དབྱངས་འབུམ་ནི་སྨག་པར་མཛད་དེ། རྒྱ་མཚོ་འགྲམ་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་རྒྱ་མཚོའི་འགྲམ་ན་དཀའ་བའི་ཚལ་ལྟར་ཉམས་དགའ་ཞེས་བྱ་བའི་ཙམ་པ་ཀའི་ཚལ་ག་ལ་བ་དེར
85b9 གཤེགས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པས་བྱས་སོ།། མཆོད་པ་བྱས་ནས




iiif viewer powered by OpenSeadragon

85a - 86a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo