| e-texts navigator |
| Wylie |
85a1 པ་སྣ་ཚོགས་དུ་མ་མང་པོ་གཏིང་བ། བླ་རེ་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུས་བསྐོར་བ་རིན་པོ་ཆེའི་དྲ་བས་ཁེབས་པ། དྲིལ་བུ་གཡེར་ཀའི་དྲ་བ་སྦྱངས་པ། དར་གི་ལྡེ་ལྡི་བཏགས་པས་བརྒྱད
85a2 པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞིག་བཤམས་སོ།། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་བདན་ཡང་ཇི་ལྟར་འཚམ་པ་བཞིན་དུ་བཤམས་སོ།། རོ་བརྒྱས་བསྒོས་པའི་ཞལ་ཟས་དག་ཀྱང་མ་ཤམས་ཏེ།
85a3 ཐམས་ཅད་ལེགས་པར་ཟིན་པར་རིག་ནས་བུ་དང་གཉེན་འད་བ་དང་། འཁོར་དང་བཅས་ཏེ་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ལ་འཁོད་ནས། བཅོམ་ལྡན་འདས་ལ་གདུགས་ཆོད་བབ་པའི་ཚིགས་སུ་བཅད་པ་འདི་དག
85a4 གསོལ་ཏོ།། ཆོས་ཀྱི་དབང་ཕྱུག་ཡེ་ཤེས་རྒྱ་ཆེན་ཁྱད་པར་བརྙེས།། ཡེ་ཤེས་འབྱུང་ནས་མཁའ་འདྲ་ཡེ་ཤེས་མཐའ་ཡས་པ།། འཇིག་རྟེན་འདས་པ་སྤྱན་ཡངས་དག་པའི་སྤྱན་དང་ལྡན།། ཕན་པ་མཛད་པ
85a5 གདུགས་ཆོད་བབ་ཀྱིས་གཤེགས་སུ་གསོལ།། ཚངས་པའི་ག། སུང་དང་རྣམ་དག་གསུང་ལྡན་དབྱངས་སྙན་པ། ཀ་ལ་བིང་ཀ་རྡ་སྨ་བདུད་རྩིའི་དོན་སྟོན་པ། སྨན་པའི་མཆོག་སྟེ་ཉོན་མོངས་སྣ
85a6 ཚོགས་མུན་སེལ་པ།། སེམས་ཅད་རིན་ཅེན་གདུགས་ཆོད་པབ་ཀྱིས་གཤེགས་སུ་གསོལ།། ཞི་ཞིང་རབ་ཞི་ཐུགས་མངའ་རྟག་ཏུ་ཞི་བར་སྤྱོད།། རྒྱལ་བ་གྲོལ་བ་ལཱ་དང་མྱི་རྣམས་རབ་གྲོལ་མཛད།།
85a7 ནུ་བོ་བཞི་ལས་རྒལ་བ་འགྲོ་བ་གྲོལ་བ་པོ།། ཕ་རོལ་པ་གཤེགས་པ་བདེ་སྦྱིན་གདུགས་ཚོད་དུས་ལ་བབ། སྦྱིན་དུས་ཡང་དག་སྡོམ་དགེས་ཚུལ་ཁྲིམས་ཡོངས་སུ་དག། བཟོད་པའི་སྟོབས་དང་ལྡན་ཞིང་བརྩོན་འགྲུས་ཆེ།
85a8 པོ་བརྙེས། བསམ་གཏན་རྣམ་ཐ་ར་དགེས་པ་ཤེས་རབ་ཡོངས་སུ་རྫོགས།། ཞལ་རས་ཟླ་འདྲ་གདུགས་ཆོད་བབ་ཀྱིས་གཤེགས་སུ་གསོལ།། ལམ་མཁྱེན་ལམ་ལ་མཁས་ཤིང་ངན་པའི་ལམ་སྲང་ངན་པ་སྤངས།
85a9 བྱང་ཆུབ་ཡན་ལག་དབང་སྟོབས་བདེན་པ་བཞི་སྟོན་པ།། ཡང་དག་སྤོང་དང་རྫུ་འཕྲུལ་བཞི་དང་དྲན་དང་ལྡན།། ཐམས་ཅད་ཟིལ་གནོན་ཡོན་ཏན་མངའ་བ་གདུ་ཀས་ཚོར་བབ།། སུམ་ཅུ་རྩ་གཉིས་མཚན་མངའ་བསོད་ནམས