e-texts navigator
Collection
Volume
Page
Wylie

84b1 དང་། ཁ་དོག་ཐམས་ཅད་སྟོན་པ་དང་། ཙན་དན་གྱི་རྣམ་པ་དང་། དེ་ལས་སྩོགས་པའི་ཀླུའི་རྒྱལ་པོ་འབུམ་ཕྲག་དུ་མ་ལ་སྨྲས་པ། གྲོགས་པོ་དག་ཁྱེད་ཅག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལ་བལྟ་བ་དང་། ཕྱག་བྱ་བ།
84b2 དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་གི་གནས་སུ་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། གཞོ་ནུ་དཔལ་ཀྱེ་ཀའི་བརྗིད་ལ་བསྒོ་བ། བཞིན་བཟངས་ཁྱོད་སོང་ལ། ཀླུའི་རྒྱལ་པོ་མ་དྲོས་པའི་རྐང་པ་ལ་མགོས་ཕྱག
84b3 འཆོལ་ལ། ངའི་འཕྲིན་འདི་སྐད་ཅེས་གྱིས་ཤིག། བདག་གི་ཕའི་མཆིད་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བཤོས་གསོལ་གིས་རྒྱ་མཚོ་ཆེན་པོར་སྤྱོན་ཅིག་ཅེས་གིས་ཤིག། ལེགས་སོ་ཞེས་བྱས།
84b4 ཏེ་མཉན་ནས། ཇི་སྐད་བསྒོ་བ་བཞིན་དུ། ཀླུའི་རྒྱལ་པོ་རྒྱ་མཚོའི་ཊ་དཔལ་གྱི་གཟི་བརྗིད་ཀྱིས་བྱས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས། ཀྵ་འི་རྒྱལ་པོ་ཐུགས་དྲག་ལ་སྤྲས་པ། ཤུགས་དྲག་ཁྱོད་སོང་ལ་རི་རབ་ཀྱི།
84b5 སྟེང་དུ་སོང་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱང་། བོས་ཤིག། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་ཡང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར་བགྱིས། རྒྱ་མཚོ་ཆེན་པོ
84b6 བདག་གི་གནས་སུ་སྤྱོན་ཅིག་གིས་ཤིག།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མ་ཆོས་ཇི་སྐད་བསྒོ་བ་བཞིན་དུ། ཀླུ་ཤུགས་དྲག་ཀླུའི་རྒྱལ་པོ་དགའ་བོ་པ། ཉེ་དགའ་གཉིས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཐར
84b7 དུ་སོང་ནས། ཇི་སྐད་བསྒོ་བ་བཞིན་དུ་སྤྱན་དྲངས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་རང་གི་གནས་སུ་འཁོར་གྱི་ཁྱམས་བཀོད་པ། བྱེ་དཱུ་རྱ་སྔོན་པོ་དག་པ་དང་། འཛམ་བུ་ཆུའི་གསེར་ལས་བྱས་པ་བཤམས་ཏེ། རིན་པོ་ཆེ
84b8 དུ་མས་ནི་སྨས། རིན་པོ་ཆེའི་དྲ་བས་ནི་ཁེབས་པར་བྱས། དྲིལ་བུ་གཡེར་ཀའི་དྲ་བ་ནི་སྤུངས། དར་གྱི་ལྡུ་ལྡི་མང་པོ་ནི་བཏགས། བླ་རེ་ནི་བྲེས་རྒྱལ་མཚན་དང་བ་དན་ནི་སྨེ་བ། རྒྱ་མཚོའི་སྤོས་ཀྱི་མཆོག་གིས་ནི་བདུགས། མེ
84b9 ཏོག་ག་ཚོགས་ནི་བཟས་སྟེ། འཁོར་གྱི་ཁྱམས་ཡངས་ཤིང་ཆུལ་བ་དེའི་ནང་དུ། བཅོམ་ལྡན་འདས་ཀྱི་སིང་གེའི་ཁྲི་འཕང་དུ་དཔག་ཡང་བཅུ་གཉིས་པ། རིན་པོ་སེཐམས་ཅད་ཀྱིས་སྦས་པ་སྤ་རྫས་ཀྱི་ངས་བཅོས་བུ




iiif viewer powered by OpenSeadragon

84a - 85a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo