e-texts navigator
Collection
Volume
Page
Wylie

84a1 པར་འགྱུར་བ་དང་། བདག་གིས་ཀླུའི་རྒྱལ་པོའི་གནས་ཀྱང་ཡོངས་སུ་ལོངས་སྤྱད་པར་འགྱུར་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས་པར་མྱི་འགྱུར་ལྔ། དེ་བཞིན་གཤེགས་པས་ཀྱང་སངས
84a2 རྒྱས་ཀྱི་ཆེ་བ་ཉིད་བསྟན་པར་འགྱུར་བ་དང་། བདག་གི་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པའི་ཆོས་ཉེ་བར་བརྟན་པ་བགྱིས་པར་འགྱུར་བའི་སླད་དུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཐུགས་བརྩ་བ་དང་།
84a3 སེམས་ཅན་ཚད་མྱེད་པའི་ངག་གི་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་གནང་ངོ་།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བཅོམ་ལྡན་འདས་ཀྱིས་གནང་བར་རིག་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དཀའ
84a4 པ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལཱ་མགོ་བོས་ཕྱག་འཚལ་ནས། ཡན་བདུན་བསྐོར་བ་བྱས་ཏེ། དབུ་ང་དང་བཅས་འཁོར་དང་བཅས་པར་བཅོམ་ལྡན་འདས་ཀྱི་ཐར་ནས་མྱི
84a5 སྣང་བར་གྱུར་ཏེ། རྒྱ་མཚོ་ཆེན་པོའི་ནང་དུ་ཕྱིར་སོང་ངོ་།། དེ་ན་ས་དེར་སྐྱེ་བོའི་ཚོགས་འདུས་པ་ཐམས་ཅད་ལ་འདི་སྐད་ཅེས་སྨྲ། ས་སོ།། བདག་གིས་དེ་བཞིན་གཤེགས་པ་སང་གདུགས་ཆོད
84a6 གསོལ་བར་སྤྱན་དྲངས་ཏེ། དེས་ཀྱང་བདག་ལ་ཐུགས་བརྩེ་བའི་ཕྱིར་གནང་གྱིས་དེར་ཁྱེད་ཀུན་གྱིས་ཀྱང་ལྷན་ཅིག་ཏུ་མཐུན་པ་དང་། ཡང་དག་པར་དགའ་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། བསྙེན་བཀུར
84a7 ལ་བརྩོན་པར་གྱིས་ཤིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་དང་། སིམ་མཆོག་དང་། ཐང་བཟངས་རིས་ལ་སྨྲས་པ། གྲོགས་པོ་དག་ཤེས།
84a8 བར་གྱིས་ཤིག། དེ་བཞིན་གཤེགས་པ་རྒྱ་མཚོ་ཆེན་པོ་འདིར་གཤེགས་ཀྱིས། དེར་ཁྱོད་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར། བདག་གིས་སྐབས་ཕྱེ་བ་ལགས་ཀྱིས་བདག
84a9 གི་གནས་སུ་སྤྱོན་ཅིག། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོས་ཀླུའི་རྒྱལ་པོ་འཇོག་པོ་དང་། ཁ་དོག་མཐའ་ཡས་དང་། དྲི་མ་མྱེད་པ་དང་། འོད་ཅན་དང་། རྣམ་པར་རྩེ་བ་དང་། བཀོད་པ་དང་། སག་ན་རྡོ་རྗེ་དང་། བརྗོད་བྱ




iiif viewer powered by OpenSeadragon

83b - 84b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo