e-texts navigator
Collection
Volume
Page
Wylie

83b1 འདིའི་ཆར་མྱི་བོད།། གང་ཞིག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱིད།། དེ་ནི་སངས་རྒྱས་མཆོད་པ་མཆོག་ཏུ་འཕགས།། གང་ཞིག་འདྲེན་རྣམས་ཚུལ་འདི་མྱི་གཅོད་པ།། དེ་ནི་སྟོབས་བཅུ་ཀུན་གྱི་བཀའ
83b2 དྲིན་བཟོ།། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དཔལ་གྱི་གཟི་བརྗིད་དེས།། ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྨྲས་པ་ན། སྲོག་ཆགས་ཁྲིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ།
83b3 དེ་དག་གིས་ཚིག་འདི་སྐད་དུ། ཀར་ཀྱི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེས་བྱང་ཆུབ་བརྙེས་པ་དེའི་ཚེ། བདག་ཅག་ཀྱང་བཅོམ་ལྡན་འདས་དེ་དང་ཟད་དེ། འཇིག་རྟེན་གྱི་ཁམས་ཡོངས་སུ་རས
83b4 ཅིང་བརྟན་པ་དེར་སྐྱེ་བར་གྱུར་ད་ཅིག། དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་མཆོད་པ་དང་བསྙེད་བཀུར་ཡང་བགྱིད་པར་གྱུར་ཅིག། བཅོམ་ལྡན་འདས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ
83b5 མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ད་ཅིག་ཅེས་ཀྱང་སྨྲས། སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ཐམས་ཅད་འཇིག་རྟེན། གྱི་ཁམས་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་སངས་རྒྱས
83b6 ཀྱི་ཞིང་དེ་སྐྱེ་བར་ལུང་བསྟན་ཏོ།། ལུང་བསྟན་པའི་ལེའུ་སྟེ་ལྔ་པའོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཆོས་འདི་སྐད་ཅེས
83b7 གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་རྩེ་བ་དང་། སྐྱེ་བོ་མང་པོ་ལ་སྨད་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བའི་སླད་དུ། རྒྱ་མཚོ་ཆེན་པོར་སང་གདུགས་ཆོད་གསོལ
83b8 བར་གནང་བར་མཛད་དུ་གསོལ། དྲེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་ནང་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་དེ་མ་ལགས་པ་ཡང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི
83b9 སེམས་ཅན་ཆད་མ་མཆིས་པ་དག་མཆིས་ཏེ། དེ་དག་གིས་དེ་བའི་དེ་གཤེགས་པ་མཐོང་ན། དགེ་བའི་རྩ་བ་དག་བསྐྱེད་པར་འགྱུར་ལ། དམ་པའི་ཆོས་ཐོས་པས་ཀྱང་འཁོར་བ་ཐོག་མ་མཆིས་པའི་མཐ་འ་ཅོག




iiif viewer powered by OpenSeadragon

83a - 84a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo