| e-texts navigator |
| Wylie |
83a1 དཔལ་གྱི་གཟི་བརྗིད་ཀྱིས་བདག་ཉིད་ལུང་བསྟན་པ་ཐོས་ནས། ཚིམ་ཞིང་མགུ་ལ་ཡིད་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དྲ་བ་ནོར་བུ་རིན་པོ་ཆེ་འབུམ་གྲིས་སྨྲས་པ།
83a2 དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། མངོན་གསུམ་དུ་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་སྟོད་པ།། མྱི་དབང་ཟླ་བ་དྲི་མྱེད་འོད་ཀྱི
83a3 ཞལ། གཟི་བརྗིད་མཐའ་ཡས་ལྷ་དང་མྱིས་མཆོད་པ། མཚུངས་མྱེད་སྟོབས་ལྡན་མཐའ་ཡས་ཤུགས་མངའ་བ།། ཡེ་ཤེས་ཚད་མ་མཆིས་ལ་མགོས་ཕྱག་འཚལ།། ཕན་པར་མཛད་པའི་ཡེ་ཤེས་ཚད་མ་མཆིས།།
83a4 དེ་བཞིན་ཤེས་རབ་འོན་ཀྱང་བསམ་མྱི་ཁྱབ། ཚུལ་ཁྲིམས་དྲི་མྱེད་རབ་བརྟན་རྣམ་པར་དག། མྱི་དབང་མཁའ་དཀྱིལ་འདྲ་ལ་ཕྱག་འཚལ་ལོ།། བསྐལ་པ་དཔག་ཏུ་མྱེད་པ་མཐའ་ཡས་པར།། སྤྱོད་པ་སྤྱད་ནས་སངས་རྒྱས་ཡེ་།
83a5 བརྙེས། དེས་ན་འགྲོ་བའི་སྤྱོད་པ་རབ་ཏུ་མཁྱེནང་།། དེ་བཞི་ན་དེ་དག་དབང་པོ་བསམ་པ་མཁྱེནད།། འཇིག་རྟེན་བཅོམ་ལྡན་གཟུ། ཀས་དང་མཚུངས་མ་མཆིས།། དེ་ཕྱིར་འགྲོ་བ་ལྟ་བས་ཆོག་མ
83a6 འཚལ།། དེའི་ཉོན་མོངས་སྐྱེ་བར་མྱི་འགྱུར་ཞིང་།། དེ་ཚེ་ཉོན་མོངས་ཐམས་ཅད་རབ་ཏུ་ནི།། ཀ་ལ་བིང་ཀའི་ཁུ་བྱུག་མྱི་འམ་ཅི།། དེ་བཞིན་ཚངས་པའི་སྨ་དང་ཨཱ་མྱིན་སྨྲ།། ཕྱོགས་བཅུ་དག་ཡིད་འོང
83a7 སྨ་དེ་དག། བདེ་གཤེགས་གསུང་གཅིག་གིས་ནི་ཟི་ལད་ཀྱིས་མནན། མཁའ་ལས་ཟླ་བ་རབ་ཏུ་ལྕུས་གདའ།། རྒྱ་མཚོ་སྐབས་ཤིང་རི་རབ་རྙིལ་ཡང་གདལ།། ས་ལ་གནམ་སྤུར་དུམ་བུ་བརྒྱར་འགྱུར་གདའ།
83a8 རྒྱལ་བ་བཀའ་ནི་གཞན་དུ་ཡོད་མྱི་གསུང་།། བདེན་པའི་བརྟུལ་ཞུགས་རབ་འབྲེལ་སྟོན་པས་འདིར།། སངས་རྒྱས་ཡེ་ཤེས་གཙོ་བོས་བདག་ལུང་བསྟན།། བདག་ནི་རྒྱལ་བ་རང་བྱུང་ཡོན་གནས་འགྱུར།། བདག
83a9 ལ་ཡིད་གཉིས་སོམ་ཉི་དོགས་མ་མཆིས། ཕྱོགས་བཅུ་དག་ཏུ་རིན་ཅེན་ལེགས་སྤྲས་པ།། བྱེ་བ་མཐའ་སས་འདྲེན་པ་རྣམས་ལ་ཕུལ། བྱང་ཆུབ་སེམས་གཅིག་བསྐྱེད་པ་གང་ལགས་ལ། བསོད་ནམས་སྔམས