e-texts navigator
Collection
Volume
Page
Wylie

82b1 དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་ཅིང་བརྟན་པ་དེ་ཡང་འབྱོར་པ་དང་རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བར་འགྱུར་ལ། སྐྱེ་བོ་མང་པོ་དང་ལྷ
82b2 དང་མྱི་རྣམས་ཀྱིས་གང་བར་འགྱུར་ཏེ། དཔེར་ན་འཐའ་བྲལ་གྱི་ལྷ་རྣམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ། དེ་ནི་མྱི་རྣམས་ཀྱི་ཡང་དེ་དང་འདྲ་བར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་ལོ་ཁྲི
82b3 ཐུབ་པར་འགྱུར་རོ།། དེའི་ཉན་ཐོས་ཀྱི་དགེ་འདུན་ནི་བྱེ་བ་ཕྲག་དྲུག་བཅུ་ཡོད་དོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འབུམ་ཕྲག་བཅུ་གཉིས་འདུ་བར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན
82b4 ཡོད་དེ། སེམས་ཅན་གང་གི་མྱིག་སྔར་སྣང་བ་དེ་དག་ཀྱང་མཐོང་བའི་མོད་ལ། བྱམས་པའི་རྣམ་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ནི། མཐོང
82b5 མོད་ལ་སེམས་ཅན་རྣམས་འདུལ་བར་འགྱུར་རོ།། དེ་ལ་ཉན་ནོ། ས་ཀྱི་ཐེག་པ་པར་འགྱུར་བ་གང་ཡིན་པ་དེ་དག་ནི་དང་པོ་མཐོང་བས། རྒྱུན་ཏུ་ཞུག་པར་འགྱུར་རོ།། ལན་གཉིས་མཐོང་བས་ནི་ལན་ཅིག་ཕྱིར
82b6 འོད་བའི་འབྲས་བུ་ཐོབ་པར་འགྱུར་རོ།། སྲན་གསུམ་མཐོང་བས་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ།། ལན་པའི་མཐོང་བས་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས
82b7 དཔའི་ཐེག་པ་པར་འགྱུར་བ་གང་དག་ཡིན་པ་དེ་དག་ནི། དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་དེ། མཐོང་བའི་མོད་ཁོ་ནས་མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཐོབ་པར་འགྱུར་རོ།། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་ཡོངསུ
82b8 དག་ཅིང་བརྟན་པ་ན། སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པ་འམ། ལྟ་བ་ཉམས་པ་འམ། ཆོ་ག་ཉམས་པ་འམ། འཚོ་བ་ཉམས་པར་མྱི་འགྱུར་ཏེ། དེ་དག་ཐམས་ཅད་ཡང་དག་པ་ཉིད་ངེས་པར་འགྱུར་རོ།། སེམས
82b9 ཅན་དེ་ནས་ཤི་འཕོས་པ་སུ་ཡང་ངན་འགྲོར་འགྲོ་བར་མྱི་འགྱུར་ཏེ། དེ་དག་ཐམས་ཅད་སྭ་དང་མྱི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེ་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོའི།




iiif viewer powered by OpenSeadragon

82a - 83a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo