e-texts navigator
Collection
Volume
Page
Wylie

82a1 ཐུགས་ནི་རི་བོ་ལྟ་བུར་མྱི་གཡོ་བ།། བཅོམ་ལྡན་འཛུམ་པའི་དོན་འདིར་དཀའ་སྩལ་གསོལང་། བཅོམ་ལྡན་ཚངས་པའི་སྒྲ་སྐད་སྤོགས་པའོ།། མྱི་འམ་ཅི་དང་ཀ་ལ་བྱིང་ཀ་དང་། རྔ་སྨ་ལཱ
82a2 བུར་སྙན་ཅིང་དགའ་བ་དང་། གཉེན་པོར་གསུང་བ་འཛུམ་པ་པའི་ཐབས་གསུངས་ཤིག། འདྲེན་པ་ཐོགས་པ་མྱེད་པའི་བློ་མངའ་བ།། དུས་གསུམ་འགྲོ་བའི་སྤྱོད་དང་མོས་པ་དང་།། དབང་པོ་རྣམས་ཀྱང
82a3 རབ་ཏུ་མཁྱེནད་པ་པོ།། ཅིའི་སླད་དུ་འཛུམ་པ་སྟོནད་པ་མཛད།། བཅོམ་ལྡན་སྨད་པའི་རྒྱལ་པོ་མྱི་རྣམས་དང་། ལྒ་ཀླུ་རྣམས་ཀྱི་ནད་ནི་ཞི་མཛད་པ།། བཅོམ་ལྡན་གཏན་དུ་བདེ་བ་སྟོན་པ་པོ།། ཅིའི་སླད
82a4 ཏུ་འཛུམ་པ་སྟོན་པར་མཛད།། ཡོན་ཏན་མངའ་བ་བདག་ལ་བཀའ་སྩོལ་ཅིག། ལཱ་དང་མྱི་རྣམས་ཁྲག་ཁྲིག་ཉན་ཅིང་མཆིས།། ཐོས་ན་ཡིད་ནི་རབ་ཏུ་དགའ་འགྱུར་ཞིང་། ཐམས་ཅད་མཁྱེནང
82a5 པའི་དགོངས་པ་བགྱིད་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འ། དི་སྐད་ཅེས་བཀའ་སྩ་ལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི
82a6 རྒྱལ་པོ་འི་བུ་དཔལ་གྱི་གཟི་བརྗིད་ངའི་མདུན་དུ་འདུག་ནས། ལྷ་ག་པའི་བསམ་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་མཐོང་ངམ།། གསོལ་པ་བཅོམ་ལྡན
82a7 འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི་བསྐལ་པ་གྲངས་མྱེད་པ་ཕྲག་བརྒྱད་བརྒྱ་ན། བསྐལ་པ་ཀུན་ཏུ་ལྟ་བ་ལ་འཇིག་རྟེན་གྱི་ཁམས་ཡོངས
82a8 སུ་དག་ཅིང་བརྟན་པར། དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་ཅེས་བྱ་བར་འགྱུར་ཏེ། འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། ཀུན་དགའ་བོ་དཔལ་གྱི་གཟི་བརྗིད་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དོན་ཡོད་པ་སྤྱོར་ཅིང་།
82a9 སངས་རྒྱས་བཅོམ་ལྡན་འདས་ཚད་མྱེད་པ་མཉེས་པར་བྱས་ཏེ་མཆོད་པ་བྱས་ནས། རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པར་འགྱུར་རོ།། སེམས་ཅན་ཚད་མྱེད་པ་ཡང་ཐེག་པ་གསུམ་གྱིས་ཡོངས་སུ་སྦྱིན་པར་བྱེད་དོ།། ཀུན




iiif viewer powered by OpenSeadragon

81b - 82b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo