e-texts navigator
Collection
Volume
Page
Wylie

80b1 6། ཤི་ནམམ་ནས་བུའི་སྐུ་གདས་རྣམས་སུ་སྐྱེས་སོ།། དེ་བཞི་གཤེགས་པ་གསེར་ཐུབ་ཀྱི་གསུང་རབ་མས་ནི། སྲོག་ཆམས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་དྲུག་བཅུ་བ་ནི་རབ་ཏུ་བྱུང་བ་ལས་ཚུལ་ཁྲིམས་འདས་པན
80b2 གྱུརྡ་པས་ཤི་འཕོས་ཏེ། ཀླུ་རྣམས་ཀྱི་སྐྱེ་གནས་སུ་སྐྱེས་སོ།། དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་བརྒྱད་བཅུ་ཆོ་ག་དང་མཚོ་བ་དང་། ཚུལ་ཁྲིམས་ཉམས་ཏེ།
80b3 ཤི་འཕོས་སྟེ། ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་སོ།། ཀླུའི་བདག་པོ་ད་ལྟར་ངའི་གསུང་རབ་འདི་ལས་ནི་སྲོག་ཆགས་ཁྱིམ་པ་དང་ས་རྒྱས་བྱེ་བ་ཕྲག་ཆུ་བཅུ་རྩ་དགུ་རབ་ཏུ་བྱུང་བ་ལས། མོད་པ་སྣ་ཚོགས་དང་འཐབ་པ་སྣ་ཚོགས
80b4 དང་། འདུ་འཛི་སྣ་ཚོགས་ཀྱིས་ཆོ་ག་དང་འཚེ་བ་དང་། ཚུལ་ཁྲིམས་ཉམས་ཏེ། ཤི་འཕོས་ནས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་ཞིང་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ཏེ་དེས་ན་ད་ལྟར་ཀླུ་དང་།
80b5 ཀླུའི་བུ་དང་ཀླུའི་བུ་མོ་རྣམས་དེ་ལྟར་ཚད་མྱེད་དོ།། ཀླུའི་བདག་པོ། ད་དུང་ཡང་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཕྱི་མའི་དུས་ཕྱི། མའི་ཚེ་ན། དགེ་སློང་སྡིག་ཅནྡ་རྣམས་དང་། དགེ་སློང་མ་སྡིག་ཅན
80b6 རྣམས་དང་། དགེ་བསྙེན་སྡིག་ཅན་རྣམས་དང་། དགེ་བསྙེན་མ་སྡིག་ཅན་རྣམས་ཚུལ་ཁྲིམས་ཉམས་པས་ཀླུའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར་རོ།། དེའི་ནང་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་རྣམས་སུ།
80b7 ལྟུང་བར་འགྱུར་རོ།། གསོ་ལྡང་པ། བཅོམ་ལྡན་འདས་རབ་ཏུ་བྱུང་བར་གཏོགས་ལ། ཚུལ་ཁྲིམས་ཉམས་པ་ཀླུའི་སྐྱེ་གནས་རྣམས་སུ་སྐྱེས་པ་དང་། སྐྱེ་བར་འགྱུར་བ་གང་ལགས་པ་དེ་དག་གི་ལས་རྣམས་ལ་ཁྱད་པར་ཅི་མཆི།
80b8 ཕིགས་པ་བཅོམ་ལྡན་འདས་ཀྱིས་བཀའ་ཕྲལ་དབུ་ཊཱ་ཀླུའི་བདག་པོ་རབ་ཏུ་བྱུང་བར་གཏོགས་པ། ཚུལ་ཁྲིམས་ཉམ་ས་པ་ཀླུའི་སྤྱི་གནས་རྣམས་སུ་སྐྱེས་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་དག་གི་སྦྱོར་བ་ནི་ཡོངས་སུམ་ངས་ལ
80b9 དེ་བཞིན་གཤེགས་པའི་བསྟནད་པ་ལ་ཡིད་ཆེས་པའི་ཕྱིར། དེ་དག་གི་བསམ་པ་ནི་ཡོད་དེ། དེ་དག་ནི་ཀླུའི་སྐྱེ་གནས་དེ་ནས་ཤི་འཕོས་ནས། ལྷག་པའི་བསམ་པ་དེའི་སྟོབས་ཀྱིས་ལྷ་དང་མྱི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། བསྐལ




iiif viewer powered by OpenSeadragon

80a - 81a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo