e-texts navigator
Collection
Volume
Page
Wylie

80a1 བཞིན་གཤེགས་པ་ཡང་བགྲང་བ་ལས་འདས་པ་དག་ལ། མཆོད་པ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡང་དག་པར་བསྒྲུབས་ཏེ། བསྐལ་པ་མངོན་པར་དཀའ་བ་ཞེས་བྱ་བ་ལ་འཇིག་རྟེན
80a2 གྱི་ཁམས་དྲི་མ་མྱེད་པའི་སྙིང་པོར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཡེ་ཤེས་བླ་མ་ཞེས་བྱ་བ་དང་། བསོད་ནམས་བླ་མ་ཞེས་བྱ་བ་དང་། ཆོས་བླ་མ་ཞེས་བྱ་བ་དང
80a3 ཤེས་རབ་ཕྲ་མ་ཞེས་བྱ་བའི་མཚན་འདི་བཞིར་འཐུན་པ་ཤ་སྟག་གི་དེ་བཞིན་གཤེགས་པར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་བསྐལ་པ་དེ་གཅིག་ཁོ་ན་ལ་འབྱུང་བར་འགྱུར་ཏེ། དཔེར་ན་བསྐལ་པ་བཟང་པོ་འདི་ལ་སངས
80a4 རྒྱས་སྟོང་འབྱུང་བར་འགྱུར་བ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་བ་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད་ས་གང་གི་ཚེ། བདག་བསྐལ་པའི་དང་པོར་རྒྱ་མཚོ་ཆེན་པོའི་ནང་ན་གནས།
80a5 པ་དང་། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཁོ། ར་བ་འཇིག་འཇིག་རྟེན་དུ་བྱུང་བ་དེའི་ཚེ་ནི། རྒྱ་མཚོ་ཆེན་པོའི་ནང་ན། ཀླུ་དང་ཀླུའི་བུ་དང་ཀླུའི་བུ་མོ་དག་ཉུང་བར་གྱུར་ད་ཏེ། བདག་ཀྱང
80a6 འཁོར་ཉུང་བར་གྱུར་ད། བཅོམ་ལྡན་འདས་ད་ནི་རྒྱ་མཚོ་ཆེན་པོའིན་ང་ན་ཀླུ་དང་ཀླུའི་བུ་དང་། ཀླུའི་བུ་མོ་དག་ཀྱང་། འདི་ལྟར་ཚད་མ་མཆིས་ཏ། གྲངས་ཀྱིས་མཐའ་རྟོགས་པར་མྱི་ནུས་ལགས་ན། བཅོམ་ལྡན
80a7 འདས་འདི་ལ་ཆུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དྲ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་།། ཚུལ་ཁྲིམས་དག་པ་ཡོངས་སུ་རྫོགས
80a8 པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམ་པ་དང་། ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་རྫོགས་པར་མ་བྱས་ལ་དེ་དག་གི་ལྟ་བ་ཡང་དྲང་པོར་གྱུར་ད་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་ནི་མྱི་སྐྱེའོ།། ཤི་འཕོས
80a9 ནས་ཀླུའི་གནས་རྣམས་སུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་དེ་བཞིན་གཤེགས་པ་འཁོར་བ་འཇིག་མི་གསུང་རབ་ལས་ནི་སྲོག་ཆགས་ཁྱིམ་པ་དང་རབ་ཏུ་བྱུང་བ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་ཆོ་ག་དང་། འཚོ་བ་དང་། ཚུལ་ཁྲིམས་ཉེས




iiif viewer powered by OpenSeadragon

79b - 80b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo