e-texts navigator
Collection
Volume
Page
Wylie

79b1 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་དུས་ན་མྱི་བང་པའི་ས་མ་ཏོག་གི་གཟུངས་འདི་ཐོས་དས། ཇི་ལྟར་དསྤར་ར་དེ་བཞིན་གཤེགས་པ་ཆོས་ཉོན
79b2 པ་དེ་ཁོ་ན་བཞིན་དུ། སེམས་ཅན་ཐམས་ཅད་ལ་ཆོས་སྟོནང་པར་གྱུརྡ་ཅིག་ཅེས་ཀྱང་སྨྲས་སོ།། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཕན་ཡོན་གྱི་ལེའུ་སྟེ། བཞི་པའོ།།
79b3 དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་སྐྱེ་གནས་སུ་སྐྱེས་པ་དག་ཀྱང་འདི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་ལ། འདི་ནི
79b4 མྱིར་གྱུར་པ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྡོ་མྱི་ཐོག་པ་ནི་ངོ་མཚ་ར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། ཤ་རིའི་བུ་ཁྲི་ཉིས་སྟོང་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ
79b5 ལ་རབ་ཏུ་འབྱུང་བར་འགྱུར་ཏེ། འདི་དག་གིས་དེ་བཞིན་གཤེགས་པ་དེ་ལས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གཏམ་ཅིག་ཐོས་སོ།། ཐོས་ནས་ཀྱང་དེ་བཞིན་གཤེགས་པ་དེ་ལ་ལེགས་སོ་ཞེས་བྱ་བ་གསོ་ལད་ཏེ།
79b6 ཐེག་པ་ཆེན་པོ་ནི་བསམ་གྱིས་མྱི་ཁྱབ་སྟེ། ལེགས་སོ་ལེགས་སོ་ཞེས་ཚིག་ཏུ་སྨྲས་སོ།། མྱི་དགེ་བའི་འདུ་འཛི་འདི་ལྟ་སྟེ། འཇབ་ཤེས་ཀྱི་ཁྱིམ་དང་། སློངས་མོ་སྟེན་པའི་ཁྱིམ་ཡོངས་སུ་བཟུང་བའི་ཕྱིར། ཚུལ་ཁྲིས
79b7 རྣམས་ཉམས་སུ་མ་བླངས་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་པར་བྱས་པ་དེས་ན།། འདི་དག་དེ་ནས་ཤི་འཕོས་ནས། ཀླུའི་སྐྱེ་གནས་སུ་སྐྱེས་པར་གྱུར་ཏོ།། འདི་དག་གིས་ཐེག་པ་ཆེན་པོའི་གཏམ་དེ་ཐོས་ལ། བཅོམ
79b8 ལྡན་འདས་དེ་ལ་ཡང་ལེགས་སོ་ཞེས་པ་གསོལ་བའི་རྒྱུ་དེ་དང་རྐྱེན་དེ་དང་དགེ་བའི་རྩ་བ་དེས་ནི། ད་ལྟར་ང་ལས་ཐེག་པ་ཆེན་པོའི་གཏམ་ཐོས་ཏེ། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་བསྟན་པ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར
79b9 རྫོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་སོ།། ཤ་རིའི་བུ་ལྷག་པའི་བསམ་པའི་ཁྱད་པར་ལ་ལྟོས། ངས་འདི་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟནད་ཏེ། བསྐལ་པ་བགྲང་བ་ལས་འདས་པ་དག་ན་དེ




iiif viewer powered by OpenSeadragon

79a - 80a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo