e-texts navigator
Collection
Volume
Page
Wylie

79a1 ཤང་བར་གྱི་ནུས་ས།། མྱི་ཟད་པ་ཡང་རྣམས་ཀྱང་ཟར་གྱི་འགྱུར། ཆོས་ཉིད་རབ་འི་འདི་ནི་རྟོགས་ནས་ཀྱང་། དེར་ནི་མདོ་སྡེ་བྱེ་བ་མཐའ་ཡས་སྟོན་། ཡི་གེ་འདི་རས་ལུས་ལ་ཕྱི་གནས་ཤིང་།། ཡིད་ལ་མྱི་གས
79a2 སེམས་སས་མཟུང་སྟེ།། ཇི་སྐར་ཐག་ཙའི་སྒྲ་ནི་ཐོས་པ་བཞིན། ཡི་གེ་རྣམས་ཀྱི་རང་བཞིན་སྟོང་ཞིང་དཔེར། གཟུངས་འདི་ཡི་གེ་རྣམས་དང་སྤྲུ་ལ་མྱེད།། ཚིག་གི་ལམ་དང་ལུས་དང་ངག་ལའང་བྱེད།། དེ་ལྟར་ཡི་གེའི་ཚུལ
79a3 རྣམས་རྟོགས་པས་ན།། སྨྲས་ཀྱང་དེའི་ཚིག་ནི་ཐོགས་པ་མྱེད།། དེའི་ནི་སྟོན་ཀྱང་ཡིད་ལ་རྣམ་རྟོག་མྱེད།། སེམས་ལའང་རློམ་སེམས་མྱེད་པ་ཡོད་མྱེད་དེ།། འོན་ཀྱང་ཆོས་འདི་རྟོགས་པར་བྱ་བའི་ཕྱིར།། ཆོས་ཉིད་རབ་ཏུ་འཐར་པ
79a4 ཆོས་ཀྱང་སྟོན་པ། གང་ཆེ་དེའི་ས་གཟུངས་ནི་ཐོབ་གྱུ་རང་ན།། སོ་སོ་ཡང་དག་རིག་བཞི་རྗེས་སུ་རྟོགས།། དོན་ལ་རབ་བསླབས་ཆོས་ཉིད་ཆོག་ཤེས།། སྒྲ་དང་སྐད་དང་ངེས་པའི་ཚིག་ལ་མཁས།། དེ་བཞིན་སྤོབས
79a5 པ་ཐོགས་མྱེད་ཚད་ཀྱང་མྱེད།། དེ་ནི་ཀུན་རྫོབ་དོན་དམ་ཤེས་པ་སྟེ། དེ་བཞིན་སྣ་ཚོགས་ཟབ་མོ་བསྟནད་པ་ཤེས།། ལུགས་འབྱུང་ལུགས། ལས་བཟློག་པ་དེའང་ཤེས།། མཐོན་དམར་འགྲོ་བ་རྣམས་ལ་འང་ཕ
79a6 མཐར་ཕྱིན། སེམས་ཞུམ་པ་ན་རབ་ཏུ་འཛིན་ལ་མཁས།། དེ་བཞི་ན་ཁེངས་རྣམས་ཚར་གཅོད་ཤེས་ལ་མཁས།། བསྟན་པ་དག་ལ་བྱ་བའི་ཚུལ་ཀུན་ཤེས།། ལུས་དང་ངག་དང་སེམས་ཀྱི་ལས་རྣམས་ས།། ཤེས་པ
79a7 ཐོགས་བྱེད་རྣམ་པར་ངེས་པ་འདུག། གཟུངས་དང་ལྡན་པའི་ཚིག་ས་འཁྲུལ་པ་མྱེད།། ཉེས་པ་སྤངས་ཤིང་བརྟན་པོར་གྱུ་རད་པ་ཡིན།། སེམས་ཅད་འདུས་གཟུངས་ཡིད་དང་དྲན་པ་ལ།། ཞུགས་པར་གྱུར་ད་ན་ཆོས་ཤེས་ཞུགས་པ་སྟེ།
79a8 ཐོས་པ་གང་ཡང་ནམས་ཀྱང་ཆུད་མྱི་ཟ། ཇི་སྐད་ཐོས་པ་མཚུངས་པར་རིལ་གིས་འཛིནད་།། གཟུངས་ནི་ཆོས་ཉིད་འགལ་བ་མ་ཡིན་ལ། དེ་ནི་ཆོས་ལ་ཞའང་མ་ཡིན་ཏེ། ཆོས་དང་ཤི་ནད་ཏུ་མྱི་མཚུངས་མྱི་མཉམ་མཉམ།། ཆོས་ཉིད་སྦྱོར
79a9 དང་ལྡན་ཕྱིར་བཟོད་ནས་ཞི།། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་སྦྱོར་བ་འདི་བསྟནད་པ་དང་། ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་སྙནད་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོའི་འཁོར་གྱི་ནང་ནས། ཀླུའི་ཁྲི་ཉིས་སྟོང་གིས་བླ་ན་བྱེད




iiif viewer powered by OpenSeadragon

78b - 79b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo