| e-texts navigator |
| Wylie |
78a1 སྦྱོར་བ་ཡང་མྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། སེམས་ཅན་ཆ་མཉམ་པ་སྤྱོད་པ་རྣམས་ཀྱི་ཆ་མཉམ་པའི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཆ་མཉམ་པའི།།
78a2 ཆད་པ་ཡང་མྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་མདོར་སྡུ་ན། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་སྦྱོར་བ་ཡང་མྱེད་པ་གང་ཡིན་པ་དེ
78a3 གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་སྦྱོར་བ་གང་ཡིན་པ་དང་། མྱི་སྦྱོར་བ་གང་ཡིན་པའི་ཆོས་གང་དེ་ལ་སྤྱོད་པ་ཡང་མྱེད། མྱི་སྦྱོར་བ་ཡང་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྦྱོར་བ་དེ་ནི་སྣང་བ་ཡང་མ་ཡིན།
78a4 བརྟགས་པ་ཡང་མ་ཡིན། མཚན་མར་བྱས་པ་ཡང་མ་ཡིན་པའི་ཕྱིར་ཏེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི་སྦྱོར་ཡིན་ནོ།། ཡང་དག་པའི་སྦྱོར་བ་ཡང་ཆོས་གང་ཡང་འདྲེན་པར་ཡང་མྱི་བྱེད། མྱི་འདྲེན་པར་ཡང་མྱི་བྱེད
78a5 འཛིནད་པར་ཡང་མྱི་བྱེད། གཏོང་བར་ཡང་མྱི་བྱེད། གནས་པར་ཡ་ང་མྱི་བྱེད། འགྲོ་བར་ཡང་མྱི་བྱེད་དེ། དེ་བས་ན་སྦྱོར་བ་དེ་ནི་ཡང་དག་པའི། སྦྱོར་བ་ཞེས་བྱའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་དེ་ལྟར་སྦྱོར
78a6 བ་ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སུ་ལང་ཏོ།། གང་ཆེ་དེའི་ས་གཟུངས་འདི་ཐོབ་གྱུར་ན།། དེའི་དྲན་དང་བློ་གྲོས་ཡོངས
78a7 སྤུ་དག། མདོ་སྡེ་རྟོགས་པ་ཀུན་གྱི་ཕ་རོལ་ཕྱིརང་། འགྲོ་བའི་སྐད་དང་སྒྲ་ཡང་རབ་ཏུ་ཤེས། འགྲོ་བའི་སེམས་དང་སྤྱོད་པ་ངན་པ་དང་། བཟང་དང་འབྲིང་ཀྱི་རྒྱུ་བ་གང་ཡིན་ཤེས། སྤྱོད་དང་སེམས་ཀྱི་རྒྱུད་རྣམས་ཤེས་ནས་ཀྱང
78a8 ཇི་སྔམ་འཚམ་པར་ཆོས་ཀྱི་ཚིག་རྣམས་སོ་དང་། གང་ཆེ་དེ་ནི་གཟུངས་ལ་རབ་ས་ཁས་ན། དེ་ནི་མྱུ་དང་བྱེད་དང་རྐྱེན་ལ་མཁས།། རྟས་དང་ཆད་པར་ལྟ་བར་མྱི་འགྱུར་ཏེ། མཐར་འཛིན་དུ་ཐམས་ཅད་རྣམ་པར་སྤངས་པ་ཡིན
78a9 གང་རེ་དེ་ཡིས་གཟུངས་འདི་ཐོབ་གྱུར་ང་ན། ཡི་གེ་དང་ནི་ཚིག་རྣམས་འབྱེད་ལ་མཁས། སྐད་རྣམས་མང་པོ་དུམ་ཐ་དང་ཤེས། དོན་དང་ཡི་གེ་དག་ལ་མཁས་པར་འགྱུར།། དེའི་ལྷའི་ཕྱིག་ཀྱང་དྲི་བྱེད་འགྱུར། དེའི