| e-texts navigator |
| Wylie |
77b1 འདི་ལ་སྦྱོར་བ་ཡིན་ནོ།། གཟུངས་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། གཟུགས་ཀྱི་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ
77b2 ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་སྦྱོར་བ་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་རྣམ་པར་དག་པར་ཡང་རློམ་སེམས་མྱི་བྱེད་པ་འདི་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།།
77b3 ཀླུའི་བདག་པོ་གཞན་ཡང་ཁམས་རྣམས་ལ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ལ་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། སྐྱེ་མཆེད་རྣམས་ལ་རང་བཞིན་གྱིས་སྟོང་པ་ཉིད་སྦྱོར་བ་དང་། རང་བཞིན་གྱིས
77b4 སྟོང་པ་ཉིད་ལ་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། ཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་པར་འ་བྱུང་བར་སྦྱོར་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡོངས་སུ་བརྟག་པ་།
77b5 ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད། ལ་གནས་མྱེད་པར་སྦྱོར་བ་དང་། གནས་མྱེད་པར་ཡང་མངོན་པར་ཞེན་པ་མྱེ་ད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར་བ།
77b6 དང་། དེ་བཞིན་ཉིད་དུ་ཡང་མངོན་པར་ཞེན་པ་མྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པར་སྦྱོར་བའི་དང་། ཡང་དག་པའི་མཐའ་ལ་གནས་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང
77b7 ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི། འདོད་ཆགས་ཀྱི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་འདོད་ཆགས་ཀྱི་སྤྱོད་པ་དང་། #
77b8 ཏུ་སྦྱོར་བ་ཡང་མྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་གི་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་ཞེ་སྡང་ཞི་སྤྱོད་པ་དང་།
77b9 ཀུན་ཏུ་སྦྱོར་བ་ཡང་མྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། སེམས་ཅན་གཏི་མུག་སྤྱོད་པ་རྣམས་ཀྱི་གཏི་མུག་སྤྱོད་པ་ཡོངས་སུ་ཤེས་པའི་སྦྱོར་བ་དང་། ཆོས་ཀྱི་དབྱིངས་གཏི་མུག་གི་སྤྱོད་པ་དང་། ཀུ