| e-texts navigator |
| Wylie |
77a1 ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་སྦྱོར་བ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞ
77a2 ཡང་གཟུགས་མཚན་མ་མྱེད་པར་སྦྱོར་བ་དང་། གཟུགས་མཚན་མ་མྱེད་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
77a3 རྣམ་པར་ཤེས་པ་མཚན་མ་མྱེད་པར་སྦྱོར་བ་དང་། རྣམ་པར་ཤེས་པ་མཚན་མ་མྱེད་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང་གཟུགས་སྨོན་པ
77a4 མྱེད་པར་སྦྱོར་བ་དང་། གཟུགས་སྨོན་པ་མྱེད་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས
77a5 པའི་སྤོར་པ་མྱེད་པར་སྦྱོར་བ་དང་། རྣམ་པར་ཤེས་པའི་སྨོན་པ་མྱེད། པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་ལ། དེ་ལ་སྦྱོར་བ་ཡིན་ནོ།། གཟུགས་མངོན་པར་འདུ་བྱེད་པ་མྱེད་པར་སྦྱོར་བ
77a6 དང་། གཟུགས་མངོན་པར་འདུ་བྱེད་པ་མྱེད་པར་ཡང་རློམ་སེམས་མྱི་བྱ་ད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་། རྣམ་པར་ཤེས་པ་མངོན་པར་འདུ་བྱེད་པ་མྱེད་པ་ཡང་རློམ་སེམས
77a7 མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས་མ་སྐྱེས་པ་དང་མ་བྱུང་བར་སྦྱོར་བ་དང་། གཟུགས་མ་སྐྱེས་པ་དང་། མ་བྱུང་བ་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་།
77a8 འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་མ་བྱུང་བར་སྦྱོར་བ་དང་། རྣམ་པར་ཤེས་པ་མ་སྐྱེས་པ་དང་། མ་བྱུང་བར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། གཟུགས
77a9 དབེན་པའི་སྦྱོར་བ་དང་། གཟུགས་དབེན་པ་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྡོ་བ་ཤེས་པ་དགེ་འ་སྦྱོར་བ་རྣམ་པར་ཤེས་པ་དབེན་པར་ཡང་རློམ་སེམས་མྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི། གཟུངས