| e-texts navigator |
| Wylie |
76b1 པའི་མྱི་འཇིགས་པ་བཞི་ཐོབ་པར་འགྱུར་ཏེ། མྱི་འཇིགས་པ་དེ་དག་དང་ལྡན་པས་ལྔ་དང་བཅས་པའི་འཇིག་རྟེན་གྱི་བདུན་དུ་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་སོ།། སེམས་ཅན་ཐམས་ཅད་ཀྱི་དྲི་བ་ལུང་བསྟན་པའི་ཕྱིར་ཡང་སྐབས་འབྱེད
76b2 དོ།། སེམས་ཅན་གི་རིས་ན་དེ་བཞིན་གཤེགས་པ་ལ་ཆོས་དང་། མཐུན་པར་རྒོལ་ནུས་པ་འམ། དེ་བཞིན་གཤེགས་པའི་ཆོས་གསུང་བ་མང་པ་ལ། གཅོད་ནུས་པ་དེ་ལྟ་བུའི་སེམས་ཅན་ནི་གང་ཡང་མྱེད་དོ།། ཀླུའི་བདག
76b3 བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའས་ཀྱི་ཟད་པའི་ས་མ་ཏོག་གི་གཟུངས་འདི་ལ་སྦྱོར་བར་བྱའོ།། ཀླུའི་བདག་པོ་མྱི་ཟད་པའི་འགྱེ་ཏོག་གི་གཟུངས་འདི་ལ་སྦྱོར་བ་གང་ཞེན། གངས་མྱིག་ཏུ་སྦྱོར་བ་ཡང་བྱེད། གཟུགས་སུ་སྦྱོར་བ
76b4 ཡང་མྱེད་མྱིག་གི་རྣམ་པར་ཤེས་པར་སྦྱོར་བ་ཡང་མྱེད་པ་དང་། ནབ་དར་སྦྱོར་བ་ཡང་བྱེད། སྤ་སྦྱོར་བ་ཡང་མྱེད། རྣ་བའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མྱེད་པ་དང་། སྔར་སྦྱོར་བ་ཡང་བྱེད། དྲིར་སྦྱོར་བ་ཡང
76b5 མྱེད། སྣའི་རྣམ་པར་ཤེས་པར་སྦྱོར་བ་ཡང་མྱེད་པ་དང་། ལྕེར་སྦྱོར་བ་ཡང་མྱེད། རོར་སྦྱོར་བ་ཡང་མྱེད། ལྕེའི་རྣམ་པར་ཤེས་པར་སྦྱོར་བ་ཡང་སྐྱེ། ད་པ་དང་། ལུས་སུ་སྦྱོར་བ་ཡང་མྱེད། རེག་ཏུ་སྦྱོར་བ་ཡང་མྱེད
76b6 སུས་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མྱེད་པ་དང་། ཡིད་དུ་སྦྱོར་བ་ཡང་བྱེད། ཆོས་སུ་སྦྱོར་བ་ཡང་བྱེད། ཡིད་ཀྱི་རྣམ་པར་ཤེས་པར་སྦྱོར་བ་ཡང་མྱེད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། ཀླུའི་བདག་པོ་གཞན་ཡང
76b7 གང་ས་གཟུགས་སུ་སྦྱོར་བ་ཡང་བྱེད། གཟུགས་སྐྱེ་བར་སྦྱོར་བ་ཡང་བྱེད། གཟུགས་གདས་པར་སྦྱོར་བ་ཡང་བྱེད། གཟུགས་འགའ་པར་སྦྱོར་བ་ཡང་བྱེད་པ་དེ་ནི། གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་།
76b8 འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པར་སྦྱོར་བ་ཡང་བྱེད། རྣམ་པར་ཤེས་པ་སྐྱེ་བར་སྦྱོར་བ་ཡང་མྱེད། རྣམ་པར་ཤེས་པ་གནས་པར་སྦྱོར་བ་ཡང་བྱེད། རྣམ་པར་ཤེས་པ་འགག་པར་སྦྱོར་བ་ཡང་མྱེད་པ་དེ་ནི་གཟུངས་འདི
76b9 ལ་སྦྱོར་བ་ཡིད་ནོ།། ཀླུའི་བདག་པོ་གཞན་ཡང་གཟུགས་སྟོང་པ་ཉིད་དུ་སྦྱོར་བ་དང་། གཟུགས་སྟོང་པ་ཉིད་དུ་ཡང་རློམ་སེམས་ཀྱི་བྱེད་པའི་སྦྱོར་བ་གང་ཡིན་པ་དེ་ནི་གཟུངས་འདི་ལ་སྦྱོར་བ་ཡིན་ནོ།། དེ་བཞིན་དུ་ཚོར་བ་དང་། འདུ