| e-texts navigator |
| Wylie |
76a1 སེམས་དང་ལྡན་པའི་ཕྱིར་ཚིག་གཟུངས་པར་འོས་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། འཁོར་བངོན་པར་འགྱུར་བར་བྱེད་པའི་ཕྱིར་ཚིག་བཙན་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟབ་མོའི་ཆོས་གླེང་བའི་ཕྱིར་ཤེས་རབ་མྱི
76a2 འཇིགས་པ་ཐོབ་པར་འགྱུར་བ་དང་། ཁེངས་པ་མྱེད་པའི་ཕྱིར་དཔྱོད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་སེང་གེའི་སྒྲ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཟང་ཟིང་མྱེད་པར་ཆོས་སྟོན་པའི་ཕྱིར་སྐུར
76a3 པ་མྱེད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉམས་སུ་ལེན་པ་གཏན་ལ་འབེབས་པའི་ཕྱིར་བསྟན་པ་ཁ་ན་མ་ཐོ་བ་མྱེད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། མཁས་པས་མ་སྨད་པའི་ཕྱིར་སྨད་དུ་མྱེད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་།
76a4 མདོ་སྡེ་དང་མྱི་འགལ་བའི་ཕྱིར་སྦྱོར་འབྱོར་ད་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། དུས་སུ་ཡང་དག་པར་སྐུལ་བའི་ཕྱིར་ཡང་དག་པར་སྐུལ་བ་མྱི་འཇིགས་པ་ཐོབ་པར་འ་གྱུར་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་ཕྱིན་ཅི་མ་ལོག་པ་མྱི་འཇིགས།
76a5 པ་ཐོབ་པར་འགྱུར་བ་དང་། སེམས་ཅན་རྣམས་ལ་འདུད་པའི་ཕྱིར་ང་རྒྱལ་མྱེད་བ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། སྔོན་ཐོས་པ་ལེགས་པར་བཟུང་བ། འི་ཕྱིར་ཚིག་དང་ཡི་གེ་ཟད་མྱི་ཤེས་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་།
76a6 ཆོས་ཆར་བྱེད་པ་རྟོག་པའི་ཕྱིར་ཐམས་ཅད་ཀྱི་དྲི་བ་སྐབས་འབྱེད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། བདག་ཉིད་ཡོངས་སུ་དག་པར་བྱེད་པའི་ཕྱིར་འཁོར་ཐམས་ཅད་མགུ་བར་བྱེད་པ་གྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཉོར
76a7 མོངས་པ་འམས་ཅད་ཡོངས་སུ་ཞེས་པའི་ཕྱིར་འདུད་དང་ཕྱིམ་གོས་པ་བཅོམ་པ་གྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། འི་འབྲས་པ་སྐྱེད་པའི་སེམས་དང་ལྡན་པའི་ཕྱིར་བྱམས་པ་ཆེར་པོ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། སེམས་ཅན་ཐམས་ཟུང་།
76a8 རྗེས་སུ་བསྲུང་བའི་ཕྱིར། སྙིང་རྗེ་ཆེན་པོ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོ་བྱེད་པའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མྱི་འཇིགས་པ་ཐོབ་པར་འགྱུར་བ་སྟེ། ཀླུའི་བདག་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
76a9 ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཉན་པ་དང་མོས་པ་དང་། སྒྲུབ་པ་ན་མྱི་འཇིགས་པ་སུམ་བཅུ་རྩ་གཉིས་པོ་དེ་དག་ཐོབ་པར་འགྱུར་རོ།། མྱི་འཇིགས་པ་སུམ་བཅུ་རྩ་གཉིས་པོ་དེ་དག་རྒྱུན་མ་ཆད་པས་ན། དེས་མཐར་ཀྱིས་དེ་བཞིན་གཤེས