e-texts navigator
Collection
Volume
Page
Wylie

75b1 རྦ་དྭེ་བ་ཏཱ་པ་ར་ཀྲི་ཧཱི་ཏྭེ། སརྦ་བུད་ཏ་ནན། སྭ་སྟ་ཡ་ནེ། ཨ་ནུད་ཧཱ་ཙཱ་པྲ་ཧ་ན། པྲད་ཏིད་ཏི་ཏ་ཤག་ཀླེ་ན། པཱ་ལེ་ཏི་ལོ་ཀ་པཱ་ལེའི། བ་རི་ཀྲི་ཧ་ཏི། ཨ་རྱེའི། སང་གྲི་ཧི་ཏ་རི་ཥི་བྷི་ཀོ་ཏ་ན། ཡུག་ཏ་ནན་མོ་ཀ་ཀྲཱ་པད་དྷ་ནན། སང་གྲེ་ཏྲེ
75b2 དཱ་བ་མ་ནུ། ཤྱ་ནན། ནིག་ཀྲ་ཧ་ཀཱི་ཤཱ་ནཱན། ནིར་རྒ་ཏ་ནན། མ་ར་ཎཿ། དྷ་ར་ཤཱ་ནན་ཏི་ནཱི་ཀཱ་ནན། ནིཀ་གྲ་ཧཱ། སརྦ་པྲ་ར་པཱ་དྷི་ནན། ཅོ་ད་མ.་བཱི་མ་ནི་ཀ་ནན། ཨ་ནུ་པཀ་ཀྲ་མོ་དྷརྨ་བཱ་ན་ཀ་ནན། ཨ་བརྫ་ནཱན། པ་རི་ཥ་དང་། སན་ཏོ་ཤ་ནམ།
75b3 དར་རྨ་ཀཱ་མ་ནན། པ་རི་རག་ཥཱ་དཱརྨ་ཀོ་ཥསྱ་སྱ་ལ། ཨ་ནུ་པད་ཆེ་ད་སྟི་རང་ན་བ་ཤ་སྱ། མི་འི་ཏྲི་སརྦ་སད་ཏ་ནན། སྟུ་ཏ་སརྦ་གུ་ཎཱ་རཱི་ཀེའུ།། ། ཀྲུའི་བདག་པོ་འདི་དག་ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་ཀྱི་ཀུན་ཏུ་བསྲུང
75b4 བ་དང་། ཡོངས་སུ་བསྲུང་བའི་ཚིག་ཡིན་ཏེ། དེ་དག་བརྗོད་ན་ཆོས་སྨྲ་བ་དེ་ས་མྱི་འཇིགས་པ་སུམ་བཅུ་རྩ་གཉིས་ཐོབ་པར་འགྱུར་ཏེ། སུམ་བཅུ་རྩ་གཉིས་གང་ཞེ་ན། གཞན་ཡང་དག་པར་དགའ་བར་འགྱུར་བའི་ཕྱིར་ཐོས་པ
75b5 མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་ཚིག་འཁྲུལ་པ་མྱེད་པའི་ཕྱི། ར་བསྟནད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚིག་ཟློས་བུ་མྱེད་པའི་ཕྱིར་ངེས་པའི་ཚིག་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་།
75b6 སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཕྱིར་བརྟག་པ་མྱི་འཇིགས་པ་ཐོབ་པ་ར་འགྱུར་བ་དང་། བྱིན་ཀྱིས་བརླབས་སྟོནད་པའི་ཕྱིར་སྤོབས་པ་མྱི་འཇིག་ས་པ་ཐོབ་པར་འགྱུར་བ་དང་། འཛིནད་པའི་བློ་དང་ལྡན་པའི་ཕྱིར་དྲན
75b7 བགྱི་འཇིམས་པ་ཐོབ་པར་འགྱུར་བ་དང་། གཞན་གི་བློ་གྲོས་ཡང་དག་པར་མགུ་བར་བྱེད་པའི་ཕྱིར་བློ་གྲོས་ཀྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། སོས་ཉི་མྱུར་དུ་གཅོད་པའི་ཕྱིར་རྟོགས་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་།
75b8 གཞན་གྱི་ངོར་གྱི་ལྟ་བའི་ཕྱིར་བློ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། རིཀ་ཇི་སྐད་སྨྲས་པ་བཞིན་དུ་འགྱུར་བའི་ཕྱིར་འཁྲུལ་པ་མྱེད་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་མ་གོང་པ་མྱེད་པའི་མྱི་འཇིགས
75b9 པ་ཐོབ་པར་འགྱུར་བ་དང་། བཟོད་པའི་ཡོངས་སུ་དག་པའི་ཕྱིར་འཛུམ་པའི་བཞིན་གྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པ་ལས་ཀྱི་ཉམས་པའི་ཕྱིར་བརྟན་པ་མྱི་འཇིགས་པ་ཐོབ་པར་འགྱུར་བ་དང་། ཀླན་ཀ་མྱི་རོལ་བའི




iiif viewer powered by OpenSeadragon

75a - 76a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo