e-texts navigator
Collection
Volume
Page
Wylie

75a1 པ་དང་། འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤེས་རབ་དང་ཡེ་ཤེས་དང་ལྡན་པ་ཡིན་ནོ།། ཀླུའི་བདག་པོ་གང་དག་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདིའི་མྱིང་ཙམ་འམ། བསྟན་པའི་ཕྱོགས་ཙམ་ཐོས་པ་དེ
75a2 དག་ཐམས་ཅད་ཀྱང་སྤོབས་པ་མྱི་ཟད་པར་ངེས་པར་འབྱུང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གཟུངས་འདིའི་རྒྱུ་དང་འཐུར་བ་ནི་དེ་ཡིན་པའི་ཕྱིར་རོ།། ཀླུའི་བདག་པོ་གཟུངས་ཀྱི་ངེས་པར་འབྱུང་བའི་སྲུང་བ་འདི། ཕྱི་མའི་དུས་ཕྱི་མའི་ཚེ་སྤྱོད
75a3 པར་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཁོ་ན་ལས་གྱུར་པར་བལྟ་བར་བྱའོ།། ཀླུའི་བདག་པོ་དེ་ལ་གཟུངས་འདི་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བའི་སྟོང་གི་སྒོ་ཡིན་ནོ།། སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ
75a4 འཇུག་པ་ཡིན་ནོ།། ཏིང་ངེ་འཛིནད་བརྒྱད་ཁྲི་བཞི་སྟོང་གི་རྗེས་སུ་འགྲོ་བ་ཡིན་ནོ།། གཟུངས་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་ནི་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་ཡིན་ནོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའས་ཕྱོགས་བཅུར་ཆགས
75a5 པ་མྱེད་ཅིང་ཐོགས་པ་མྱེད་པར་སོ་སོ་ཡང་དག་པར་རིག་པ་བཞིས་ཆོས་ཀྱི་ཆ། ར་ཆེན་པོ་རབ་ཏུ་ཕེབས་པ་གང་ཡིན་པ་དེ་ཡང་། མྱི་ཟད་པའི་ཟ་མ་ཏོག་གི་ག། ཟུངས་འབའ་ཤིག་གི་རྒྱུ་དང་མཐུན་པ་ལས་གྱུར་པ་ཡིན་ནོ།། ཀླུའི
75a6 བདག་པོ་དེ་ལ་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ལ་འཇུག་པའི་ཚིག་རྣམས་དང་། མཚམས་སྦྱོར་བའི་ཚིག་རྣམས་དང་། ལྒ་དང་ཀླུ་དང་གནོད་སྦྱི་ན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་གི་བསྲུང་བའི
75a7 ཚིག་རྣམས་ངས་བསྣུན་བྱའོ།། ཏདྱ་པ་ཐཱ། ནེ་ཏུ་མ་ཏི། ཤ་མ་མ་ཏི། པྲ་སཱ་ད་མ་ཏི། ཨཱད་ཛུ་མ་ཏི། ཨུད་ཏ་ར་ན་མ་ཏི། ཨག་ཀཱ་ཡ། མ་ཏི། ཨུད་ནུ་སན་དྷི། ཨུལ་ཀཱ་མུ་ཁེ། པྲ་པཱ་མུག་ཏི། པྲཱ་བཱ་ཀེ་དུ། པྲ་ནཱ་ར་ཀེས།
75a8 སྨཱི་ཏི་ཀ་ར་ཎེ། མ་ཏི་བི་ཤྲོ་དཱ་རྗེ། ཀ་ཏི་པྲ་བཱི་ཡཱི་ནུ་མ་པ་ལེ། ཏ་མོ་ནཱུ་དེ། སན་དཱ་ར་ནི། ཨུད་ཏཱ་ར་ནི། ནཱན་ཏ་མུ་ཥེ། ཡཱན་ཏ་བ་དྭེ་ཤྭེ། ཀན་ཏཱ་ཀྵེ་ཥེ། བ་ས་ཡས་པ་ཀཱ་ཏེ། ཀུ་ག་ལ་བཱ་ས་ནི། ས་ནུ་སད་དི། བིག་ཏེ། པཱི་ཏེ། ཨ་པ
75a9 ཊཱི་ཏེ། སྨན་མ་ཆུག་ཏེ།། ཨ་འསྐ་རག་ཏེ། ངམ་མི་མ་རེ། མ་སུ་ཟད་ཉེ། ཟད་ཉ་མུ་ལེ། སུ་ལ་བ་ཏི། ག་མི་ཟ་ནེ། སུ་རྒྱབ་ཏི། ཀྱོ་ཏི་ཥེ། སུ་རིམ་མེ། རམས་སེ། ས་མ་ཉ་མོ་བགོད་དེ། ཟན་པས་ཏེའི་ཉ




iiif viewer powered by OpenSeadragon

74b - 75b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo