| e-texts navigator |
| Wylie |
74b1 རྣམས་ལ་དོན་ཏུ་གཉེར་བ་མྱེད་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ཉིད་ལ་རྟེན་བཅས་ཏེ། དད་པས་ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་བྱུང་ངོ་།། རབ་ཏུ་བྱུང་བ་དེ་ཐོས་རྒྱལ་པོའི་བུ་དེ་དག་ཐམས་ཅད་ཀྱང་བྱུང་ངོ་།། །
74b2 དེ་དག་ཀྱང་རབ་ཏུ་བྱུང་བར་ཤེས་ནས། ཡུལ་གྱི་མྱི་དང་འཁོར་དྲུག་འབུམ་རབ་ཏུ་བྱུང་ངོ་།། རྒྱལ་པོའི་བཙུན་མོའི་ནས་ཀྱང་བཙུན་མོ་དམ་པ་བཞི་རབ་ཏུ་བྱུང་སྟེ། ཀླུའི་བདག་པོ་དེ་ལྟར་ན་དག་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་ཡོང་སུ
74b3 སྤྱང་བ་བྱས་པ་རྣམས་ཀྱི་གནས་སུ་གྱུར་པའི་གསུང་རབ་དགའ་དགའ་ལྟར་གདུག་པར་གྱུར་ཏོ།། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་བསོད་ནམས་མྱི་ཟད་པ་དེ་གཞན་ཞིག་ཡིན་པསྙམ་དུ་ཁྱོད་སོམ་ཉི་འམ
74b4 ཡིད་གཉིས་སམ་ཐེ་ཙོམ་ཟ་བར་གྱུར་པ་ན། དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་བདག་པོ་དེའི་ཚེ་དེའི་དུས་ན་ཁྱོད་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནས་ས་མྱི་ཟད་པ་ཞེས་བྱ་བར་གྱུར་ཏོ།། ཀླུའི་བདག་པོ
74b5 ཁྱོད་རྒྱལ་པོའི་བུ་དང་། རྒྱལ་པོའི་བུའི་མ་དེ་དག་གཞན་དག་ཅིག་ཡིན། བསྙམ་དུ་སེམས་ན་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འཁོར། འདིར་འདུས་ཤིང་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
74b6 འདི་དག་ཉིད་ཡིན་ནོ།། ཀླུའི་བདག་པོ་འདིའི་སྙམ་དུ་སེམས། རིན་ཙམ་མ་ཏོག་ཅེས་བྱ་བའི་གཟུངས་ཀྱང་། དེ་བཞི་གཤེགས་པ་ཚངས་པའི་དཔས་སུའི་རྒྱས་པོ་དེས་རྒྱལ་པོ་བ་སོ་རྣམས་ཀྱི་ཟད་པ་དེ་ལ་བཞིན
74b7 པ་གཞན་ཞིག་ཡིན་པསྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། མྱི་ཟད་པའི་ཟ་མ་ཏོག་གི་གཟུངས་འདི་ཉིད་དེའི་ཚེ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱའོ།། ཀླུའི་བདག་པོ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་སངས་རྒྱས
74b8 ཀྱི་སྤྱན་ཆགས་པ་མྱེད་པས། རྣམ་པར་གཟིགས་ནས་སེམས་ཅན་རྣམས་ལ་སྔོན་ཀྱི་རྒྱུད་ལས་བྱུང་བའི་ཆོས་ཀྱི་གཏམ་བརྗོད་པ་མཛད་དོ།། ཀླུའི་བདག་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་ལས་མྱི་ཟད་པའི་ཟ་མ་ཏོག་གི་གཟུངས
74b9 འདི་ཐོས་སོ།། ཁྱོད་ཀྱིས་སངས་རྒྱས་འབུམ་ཟག་མང་པོ་ལས། གཟུངས་འདིའི་དོན་ཡང་དང་ཡང་དུ་ཐོས་ཏེ། དེས་མང་ལྟར་ཁྱོད་འདི་ལྟར་དྲང་བ་དང་ལྡན་པ་དང་། འདི་ལྟར་བློ་གྲོས་དང་ལྡན་པ་དང་། འདི་ལྟར་རྟོགས་པ་དང་ལྡན