e-texts navigator
Collection
Volume
Page
Wylie

74a1 པར་དཔུང་དང་བཅས། འཁོར་དང་བཅས་པས་ཆོས་མཉན་ཏེ། རེས་ལོ་འབུམ་པོ་དེའི་བར་དུ་འདོད་པའི་རྟོག་པ་འམ། གནོད་སེམས་ཀྱི་རྟོག་པ་འམ། རྣམ་པར་འཚེ་བའི་རྟོག་པ་དང་། བུ་དང་ཆུང་མ་དང་། རྒྱལ་སྲིང།
74a2 དང་ཡོངས་སུ་འཛིནད་པ་དང་། སྡུག་པ་ཐམས་ཅད་ལ་ངེས་པའི་རྟོག་པ་རྣམས་ལ་བརྟག་པར་མ་བསམས་ཏེ། ཆོས་ལ་སྡུག་པར་ངེས་པ་ཡིད་ལ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་བསམ་པ་ལ་གནས་པར་འགྱུར་བ་དང་། བྱམས་པ་ཆེན
74a3 བོས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྙིང་རྗེ་ཆེན་པོའི་གོ་མ་བགོས་ནས་ཆོས་འབའ་ཞིག་བཉན་ཏོ།། དེས་བཅོམ་ལྡན་འདས་དེ་ལས་ཡོ་འབུམ་ཐམ་པའི་བར་དུ་དམ་པའི་ཆོས་མཉན་ཏེ། ཐོས་ནས་ཀྱང་རིན་པོ་ཆེའི་ཟ་མ་ཏོག་གི
74a4 གཟུངས་འདི་ཉིད་ཀྱི་རྩ་བ་ཡོངས་སུ་སྦྱང་བ་བྱས་སོ།། རེ་བསྐལ་པ་ས་ཡ་ཕྲག་བདུན་གི་འཁོར་བ་ཕྱིར་བསྙིལ་བར་གྱུར་ཏོ།། བསྐལ་པ་ཁྲིའི་བར་དུ་ལས་ཀྱི་སྒྲིབ་པ་བསྔགས་པ་ནི་རྣམ་པར་དག་པར་གྱུརང་ཏོ།། སངས་རྒྱས་འབྲུ
74a5 ནི་དེའི་མྱིག་ལམ་དུ་སྣང་བར་གྱུར་ཏོ།། སངས་རྒྱས་བྱེ་བ་ཕྲག་འབུམ་མངོན་སུམ་དུ་མཐོང་བར་འགྱུར་བའི་དགེ་བའི་རྩ་བ་ཡང་དེས་ཡོངས་སུ་གཟུང་། ངོ་།། གང་ཀའི་ཀླུང་གྱི་བྱེ་མ་སྙེད་ཀྱི། བརྒྱ་བྱིན་དང་ཚངས་པ་དང་།
74a6 འཇིག་རྟེན་སྐྱོང་དུ་འགྱུར་བ་དང་། འཁོར་ལོས་སྒྱུར་བའི་རྒྱས་སྲིད་འཐོབ་པ་དགེ་བའི་རྩ་བ་ཡང་བསྐྱེད་དོ།། དྲན་པ་དག་པ་ཞེས་བྱ་བའི་ཐོས་པའི་གཟུངས་ང་ཐོབ་སྟེ། ཐོས་པའི་གཟུངས་དེས་ན་སངས་རྒྱས་བརྒྱས་གསུངས་པ་ཡ
74a7 དག་པར་འཛིནད་པར་བྱེད་དོ།། གཞོ་ནུ་དེ་དག་དང་དེ་དག་གི་མ་དེ་རྣམས་ཀྱིས་ཀྱང་རྗེས་སུ་མཐུན་པའི་ཆོས་ཀྱི་བཟོད་པ་ཐོབ་བོ།། བཙུན་མོ་དེ་དག་གི་ནས་ཀྱང་། བུད་མྱེད་བརྒྱད་ཁྲི་བཞི་སྟོང་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བུད་མྱེད་བརྒྱད་ཁྲི
74a8 བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ཏོ།། ལྷ་དང་མྱི་ཁྲག་ཁྲིག་ཕྲག་དགུ་བཅུས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལྷ་དང་མྱི་བརྒྱད་ཁྲི་བཞི་སྟོང་གིས་ནི་བཟོད་པ་ཐོབ་པར་གྱུར་ད་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་ཁྲག་ཁྲིག་ཕྲག་སུམ་བཅུ་རྩ་གཉིས
74a9 ནི་ཆོས་རྣམས་ལ་ཆོས་ཀྱི་ཕྱིག་རྣམ་པར་དག་གོ།། དགེ་སློང་ཁྲི་དྲུག་སྤོང་ནི་ལེན་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། རྒྱལ་པོ་བསོད་ནམས་ཀྱི་ཟད་པ་ཡང་རྒྱལ་སྲིང་ཐམས་ཅད་སྤངས་ནས། སྭ་དང་རྩིའི་འདོད་པ




iiif viewer powered by OpenSeadragon

73b - 74b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo