e-texts navigator
Collection
Volume
Page
Wylie

73b1 བཀའ་སྩལ་པ། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ལ། རྒྱལ་པོ་བསོད་ནམས་མྱི་ཟད་པས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་ཆོས་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔས་ཆོས་ལ་དབང་ཕྱུག་ཐོབ་པར
73b2 འགྱུར་ལགས། བཅོམ་ལྡན་འདས་དེས་བཀའ་སྩལ་ད་པ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། བརྒྱད་གང་ཞེ་ན། རྣམ་པར་རྩེ་ཞིང་མྱི་ཉམ་པར་འགྲོ་བའི་མངོན་པར
73b3 ཤེས་པ་ལྔ་དང་ལྡན་པ་ཡིན། ཆགས་པ་མྱེད་པ་དང་། ཐོགས་པ་མྱེད་པ་དང་། བསྐྱོད་དུ་མྱེད་པའི་ཤེས་རབ་དང་ལྡན་པ་ཡིན། ཡེ་ཤེས་ཀྱིས་བསྡུས་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། མངོན་པར་འདུ་བྱེད་པ་མྱེད་པའི་རྫུ་འཕྲུལ་གྱི་རྐང
73b4 པ་བཞི་དང་ལྡན་པ་ཡིན། ཤེས་རབ་དང་ཡེ་ཤེས་ངེས་པ་དང་ལྟ་བ་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་དང་སཱ་ན་པ་ཡིན། སངས་རྒྱས་ཀྱི་བྱིན་ཀྱི་རླབས་ཀྱིས་བྱིད་ཀྱིས་རླབས་པ་དང་།
73b5 ཆགས་པ་མྱེད་པའི་བྱིན་གྱི་རླབས་དང་། བྱིད་ཀྱི་རླབས་ཀྱི་སྟོབས་དང་། ལྡན་པ་ཡིན། བསོད་ནམས་ཀྱི་ཟད་པའི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛི། ནད་དང་ལྡན་པ་ཡིན། སེམས་ཅན་ཐམས་ཅད་མགུ་བར་བྱ་བ་དང
73b6 སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང་བརྗེད་ངས་བ་མྱེད་པ་ཡོངས་སུ་དག་པའི་གཟུངས་དང་ལྡན་པ་ཡིན། ཆོས་ཇི་ལྟ་བ་བའི་ན་དུ་རྗེས་སུ་འགྲོ་བ་དང་། ཚུལ་གཅིག་པའི་ཆོས་ཀྱི་རྗེས་སུ་འགྲོ་བ་དང་།
73b7 གཉིས་སུ་མྱེད་པའི་ཡང་དག་པའི་མཐའ་ལ་གནས་པའི་དང་། མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་ལྡན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་རོ།།
73b8 རྒྱལ་པོ་ཆེར་པོ་གཞན་ཡང་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཡོད་དེ། དེ་ཐོབ་ན་བྱང་ཆུབ་སེམས་དཔའས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པས་རིན་པོ་ཆེ་ཟ་མ་ཏོག་གི་གཟུངས་ལས་བརྩམས
73b9 ནས། ལོ་འབུམ་གྱི་བར་དུ་རྒྱས་པར་རྣམ་པར་དབྱེ་བས་དེ་ལ་ཡང་དག་པར་བསྟན་ཏོ།། རྒྱལ་པོ་བསོད་ནམས་མྱི་ཟད་པ་དེ་ཡང་རྒྱལ་པོའི་བྱ་བའི་ཐམས་ཅད་བཏང་སྟེ། ལས་གཞན་མྱི་བྱེད་ལ་སེམས་ཀྱི་རྒྱུད་རྣམ་པར་གཡེངས་པ་མྱེད




iiif viewer powered by OpenSeadragon

73a - 74a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo