e-texts navigator
Collection
Volume
Page
Wylie

73a1 པ། དང་དུར་ལས་སྩོགས་པ་རྟག་ཏུ་སྐད་འབྱིན་པར་གྱུར་ཏེ། དེ་ལྟར་གྲོང་ཆེན་པོ་དེ་བསམ་གྱིས་མྱི་ཁྱབ་པའི་ཡོན་ཏན་གྱི་རྒྱན་བཀོད་པ་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ
73a2 རྒྱལ་པོ་དེ་ཡང་གྲོང་ཁྱེར་ཆེན་པོ་དགའ་འབྱུང་དེ་ཉིད་ནགས་ཚལ་སྤོས་མཆོག་འོད་ཅེས་བྱ་བ་གང་དུ། རྒྱལ་པོ་བསོད་ནམས་མྱི་ཟད་པས། བཅོམ་ལྡན་འདས་དེའི་གཙུག་ལག་ཁང་བྱས་པ་ན་བཞུགསོ།། རྒྱལ་པོ་བསོད་ནམས་མྱི་ཟད་པ་བུ
73a3 དང་བཅས། བཙུན་མོ་དང་བཅས་གཉེན་འདབ་དང་། ཚལ་ཟའི་འཁོར་དང་བཅས་པས། བསྐལ་པ་འབུམ་ཐམ་པར་དུ་དེ་བཞིན་གཤེགས་པ་དེ་ལ་ཡིད་དུ་འོང་བའི་བདེ་བའི་ཡོ་བྱད་དང་ལོངས་སྤྱོད་ཐམས་ཅད་ཀྱིས་བསྙེད་བཀུར་བྱས་སོ།། ཀླུའི་བདག
73a4 པོ་དེ་ནས་རྒྱལ་པོ་བསོད་ནམས་མྱི་ཟད་པ་དེ་འཁོར་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལྷའི་རྒྱལ་པོ་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས
73a5 གཅིག་ཏུ་འདུག་གོ།། དེ་འོངས་པར་ཐུགས་སུ་ཆུད་ནས། དེ་བཞིན་ག། ཤེགས་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཆོས་པཞི་དང་ལྡན་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཆོས
73a6 ཀྱི་དབང་ཕྱུག་ཐོབ་པར་གྱུར་ད་ལ། དགེ་བའི་ཆོས་རྣམས་ཀྱིས་ཀྱང་ཁྱད་པར་དུ་འགྲོ་བར་གྱུར་ཏེ། བཞི་གང་ཞེ་ན། དད་པ་ལ་གནས་ཏེ། དགེ་བ་གང་ཡིན་པ་ཚོལ་ཞིང་ང་རྒྱལ་མྱེད་པར་འཕགས་པ་དག་གི་ཐ་ད་དུ་འགྲོ་བ་དང་། ཆོས་དོན་ཏུ
73a7 གཉེར་ཏེ་ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བས་དགའ་སྟེ། རྟག་ཏུ་དོན་གྱི་རྗེས་སུ་ལྟ་བ་དང་། མྱི་རྟག་པའི་ཆོས་ཉིད་ལ་སོ་སོར་རྟོག་པ་དང་། འདུས་བྱས་ཀྱི་ཉེ་བརྟོགས་པ་དང་། ཡོངས་སུ་འཛིནད་པ་ཐམས་ཅད་ལ་རྣམ་པར་འགྱུར་བའི་ཆོས་ན
73a8 ཡིན་ནོ་སྙམ་དུ་དྲན་པས་ཉེ་བར་གནས་པར་བྱེད་པ་དང་། བག་ཡོད་པར་བྱེད་དེ། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལྷག་པར་ཞེནད་པ་མྱེད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་ཟད་པར་མྱི་བྱེད་ལ་གོང་དུ་ཡང་རྣམ་པར་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་སེཾས
73a9 ཀྱི་བསམ་པ་ཡང་རྣམ་པར་མྱི་སྤོང་བ་སྟེ། ཀླུའི་བདག་པོ་ཆོས་བའི་པོ་དེ་དག་དང་ལྡན་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་ཆོས་ཀྱི་དབང་ཕྱུག་ཐོབ་པར་འགྱུར་ལ་དགེ་བའི་ཆོས་རྣམས་ཀྱིས་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དེ་སྐད་ཅེས




iiif viewer powered by OpenSeadragon

72b - 73b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo